དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་29པ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-25

    ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བསོད་ནམས་ཉི་མས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་29པ་གཙོ་སྐྱོང་གནང་ནས། ཟླ་7པའི་ཟླ་འགོར་ལྷ་སར་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས་ཏེ། “དམངས་འཚོ་འགན་སྲུང་དང་ལེགས་གཏོང་ཏན་ཏིག་གིས་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི”གྲོས་དོན་ལ་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

    འཚོགས་འདུའི་ཐོག 《སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་གྲོས་འགོའི་ཇུས་གཞི》དང《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་སྲོལ(བཟོ་བཅོས་འཆར་ཟིན)》 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལོ་སྟོད་ཀྱི་ལས་དོན་ལ་ཕྱོགས་སྡོམ་བྱས་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ནི་མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་སྒྲུབ་པའི་བྱ་ཐབས་གལ་ཆེན་ཞིག་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་བྱ་ཐབས་ཞིབ་ཕྲ་ཡིན་ལ། “དམངས་འཚོ་འགན་སྲུང་དང་ལེགས་གཏོང་ཏན་ཏིག་བྱས་ནས་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི”ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ནི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་དང་། དེ་བས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་སྒྲུབ་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། ཆབ་སྲིད་ཀྱི་ཚུགས་གནས་རྒྱུན་མཐུད་མཐོ་རུ་གཏོང་བ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་ཀྱི་ཚུགས་གནས་སྟངས་འཛིན་ཡག་པོ་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་། མཐུན་སྦྱོར་གྱི་འདུ་ཤེས། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། གྲ་སྒྲིག་ལས་དོན་ཁག་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་གྲོས་འདོན་གྱི་གྲུབ་འབྲས་དེ་དམངས་འཚོའི་དཀའ་གནད་སེལ་བ་དང་། མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ། རང་ལྗོངས་ཀྱི་དམངས་འཚོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕན་འབྲས་དངོས་སུ་སྒྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།