དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྲིད་འཛིན་འདྲི་གཅོད་དང་སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་པ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-25

    ཚེས་23ཉིན། ལྗོངས་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་དང་སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་པ་སློབ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་གཉེར་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཧྲོའུ་ཁོའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་གྱིས་2025ལོའི་ལྗོངས་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

    སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས་ད་ཐེངས་གསོ་སྦྱོང་གི་གྲུབ་འབྲས་འགོ་འཛུགས་ས་གསར་པར་བྱས་ཏེ་གསོ་སྦྱོང་གི་གྲུབ་འབྲས་དེ་ཁྲིམས་ལྟར་སྲིད་འཛིན་དང་། དྲང་གཞག་ཁྲིམས་འཛིན། ཁྲིམས་ལྟར་བཅོས་སྐྱོང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བར་བྱས་ནས། སྲིད་འཛིན་རྩོད་གཞིའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་པར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།