དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་གསལ་འགྲེལ་འགྲན་བསྡུར་ཆེན་པོ་སྐབས་གསུམ་པའི་མཐའ་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-25

    ད་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས་25པ་རེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་གསལ་འགྲེལ་འགྲན་བསྡུར་ཆེན་པོ་སྐབས་གསུམ་པའི་མཐའ་བསྡུར་ལྷ་སར་བྱས་ཤིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ནས་ཡོང་བའི་ཕུལ་བྱུང་བདམས་ཐོན་པ་32ཀྱིས་འགྲན་བསྡུར་བྱས་ཏེ། གསོན་ཉམས་དོད་པའི་གསལ་འགྲེལ་བརྒྱུད་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཤེས་བྱ་བརྒྱུད་བསྒྲགས་བྱས་པ་རེད།

    “ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་རྒྱུན་ཤེས་དང་དེ་བཞིན་འཕྲལ་སྡོམ་ཉེན་ཡོལ་དང་རང་སྐྱོབ་དང་སྐྱོབ་རེས་ཀྱི་རྩལ་ནུས་ཁྱབ་གདལ་གཏོང་རྒྱུ་ནི་གངས་ལྗོངས་ས་མཐོའི་བདེ་འཇགས་འགོག་རགས་བརྟན་དུ་གཏོང་བ་དང་གཞི་རིམ་གྱི་གནོད་འཚེ་སྔོན་འགོག་གི་ཕྱོགས་བསྡུས་རྩལ་ནུས་ཆེ་རུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད”རང་སྐྱོང་ལྗོངས་ས་ཡོམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཉི་མས་ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་དེས་ལྗོངས་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་པར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་སྟེགས་ཤིག་བཏོད་དེ། “ཚང་མས་བདེ་འཇགས་ལ་སྣང་ཆེན་གྱིས་འཕྲལ་སྡོམ་བྱེད་ཤེས་པའི”རྣམ་པ་ཞིག་སྔར་བས་བཏོད་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།