དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལ་སླར་ཡང་འབྲས་བཟང་ཐོབ་པ།

    ལྷུན་རྩེ་རྫོང་མི་དམངས་སྨན་ཁང་ཧུའུ་ནན་ཞིང་ཆེན་སྙིང་པར་རིག་པའི་ཆེད་ཚན་གྱི་མནའ་འབྲེལ་རོགས་ལས་ཚན་པར་གྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-25

    ཉེ་ཆར། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་གཉེར་བའི་ཧུའུ་ནན་ཞིང་ཆེན་སྙིང་པར་རིག་པའི་ཆེད་ཚན་མནའ་འབྲེལ་རིག་གཞུང་གི་ལོ་ཚོགས་ཐོག་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་ལ་ཧུའུ་ནན་ཞིང་ཆེན་མི་དམངས་སྨན་ཁང་གིས་སྒོ་བྱང་སྤྲད་པས་མནའ་འབྲེལ་དེའི་རོགས་ལས་ཚན་པར་གྱུར་ཡོད། དེས་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་ནས་ལྷུན་རྩེ་རྫོང་གི་སྙིང་པར་སྨན་བཅོས་ཞབས་ཞུ་དེ་ཞིང་ཆེན་རིམ་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མ་ལག་ནང་བདེ་བླག་ངང་ཚུད་དེ། ལྷུན་རྩེ་རྫོང་གི་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་སྙིང་པར་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་མཚོན་གྱི་ཡོད།

    ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རུ་ཁག་ལྷུན་རྩེ་རྫོང་དུ་བཅའ་སྡོད་བྱས་ཚུན། ཡུལ་དེའི་དོན་དངོས་ལ་གཞི་ཚུགས་པ་དང་། ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གི་རིག་ཚན་འཛུགས་སྐྱོང་གི་ཞན་ཆ་དང་སྨན་བཅོས་ལག་རྩལ་གྱི་ཞན་ཆ་དང་ཆེད་ལས་ཤེས་ལྡན་པ་ཁ་ཐང་བར་དམ་པོར་དམིགས་པ། རོགས་སྐྱོར་གྱི་ཇུས་གཞི་གནད་སྨིན་བཟོ་བ་བཅས་བྱས་ནས་སྨན་བཅོས་རོགས་སྐྱོར་གྱི་ལས་དོན་ཏན་ཏིག་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།