ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་10པ་འགོ་ཚུགས་པ།

འདི་ནི་ཟླ་6ཚེས་11ཉིན་མི་རྣམས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་10པ་གཉེར་ཡུལ་ཁུན་མིང་ཏེན་ཁྲི་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་དྲན་རྟེན་པར་རྒྱག་བཞིན་པ།
ཟླ་6ཚེས་11ཉིན། ཡུན་ནན་ཁུན་མིང་དུ་ཉིན་6རིང་གི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་10པ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་68འགྲེམས་སྟོན་དང་འགྲེམས་ཚོགས་ལ་ཞུགས་པ་དེས་ཨེ་ཤེ་ཡ་ལྷོ་མ་དང་། ཨེ་ཤེ་ཡ་ཤར་ལྷོ། དེ་བཞིན་RCEPཚོགས་ཁོངས་རྒྱལ་ཁབ་ཡོངས་ལ་ཡོད།
ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་ནི་ཚོང་དོན་པུའུ་དང་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ལ། དེ་ནི་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་ལ་ཆེད་མངགས་ཕྱོགས་པའི་འགྲེམས་ཚོགས་གལ་ཆེན་ཞིག་ཡིན་ཞིང་དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ཆེ་རུ་གཏོང་རྒྱུ་དེ་རེད།
འབྲེལ་ཡོད་གསར་འགྱུར།