ཟླ་དང་པོ་ནས་ལྔ་པའི་བར་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་དུས་མཚུངས་ལས་5.3%འཕར་བ།
ཟླ་ལྔ་པར་ཕྱི་དངུལ་དངོས་སུ་སྤྱོད་ཚད་དུས་མཚུངས་ལས་5.9%འཕར་བ།
ཚེས་22ཉིན་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་25297གསར་དུ་བཙུགས་པ་དེ་དུས་མཚུངས་ལས་5.3%འཕར་བ་དང་། ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་3272.9ཟིན་ཡོད། ཟླ་ལྔ་པར་ཕྱི་དངུལ་དངོས་སུ་སྤྱོད་ཚད་དུས་མཚུངས་ལས་5.9%འཕར་ཡོད་པ་རེད།
ལས་རིགས་ཀྱི་ཆ་ནས་བལྟས་ན། ཟླ་དང་པོ་ནས་ལྔ་པའི་བར། བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་869.7དང་ཞབས་ཞུའི་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་2341.5ཟིན་ཡོད། ལག་རྩལ་འདུས་ཚད་མཐོ་བའི་ཐོན་ལས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་སྒོར་དུང་ཕྱུར་1301.4ཟིན་པ་དེ་དུས་མཚུངས་ལས་19.4%འཕར་ནས་རྒྱལ་ཡོངས་ཀྱི་ཕྱི་དངུལ་དངོས་སུ་སྤྱོད་ཚད་ཀྱི་39.8%བཟུང་བ་དང་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་9.4འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།