2026ལོའི་རྨ་ཆུའི་འབྲུབ་ཆུ་གཙོ་བོ་མ་རྒྱས་གོང་གི་ཆུ་འདྲེན་བྱེ་འདྲེན་ལས་དོན་འགོ་ཚུཌ་པ།

འདི་ནི་ཞའོ་ལང་ཏི་ཆུ་བེད་ལྟེ་གནས་ལས་གྲྭའི་ཆུ་འདྲེན་བྱེ་འདྲེན་བྱ་ཡུལ་ཡིན་པ།
གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཞའོ་ལང་ཏི་ཆུ་བེད་ལྟེ་གནས་ཀྱི་བྱེ་འབུད་གཅུས་སྒོ་3ཟླ་6ཚེས་22ཉིན་ནས་ཕྱེ་སྟེ་རྨ་ཆུའི་2026ལོའི་འབྲུབ་ཆུ་གཙོ་བོ་མ་རྒྱས་གོང་གི་ཆུ་འདྲེན་བྱེ་འདྲེན་ལས་དོན་དངོས་སུ་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་ཆུ་མཛོད་ཀྱི་བྱེ་མ་འབུད་ཚད་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་རྒྱུ་རེད།
ཞའོ་ལང་ཏི་ཆུ་བེད་ལྟེ་གནས་ཀྱིས་རྨ་ཆུའི་རྒྱུག་ཚད་91.2%དང་བྱེ་མ་འདྲེན་ཚད་100%ཙམ་ཚོད་འཛིན་བྱེད་ཀྱི་ཡོད། ད་ཐེངས་ཆུ་འདྲེན་བྱེ་འདྲེན་ཉིན་21ཙམ་བྱ་རྒྱུ་དང་ཞའོ་ལང་ཏི་ཆུ་བེད་ལྟེ་གནས་སུ་ཆུ་འདྲེན་པའི་ཆུ་ཁ་སྨི་252ཟིན་པ་དེ་ན་ནིང་ལས་སྨི་6ཙམ་གྱིས་མཐོ་བ་དང་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10ཙམ་མང་དུ་ཕྱིན་ནས་ཆུ་འདང་ངེས་ཡོད་པ་རེད། ཆུ་གློད་ཚད་མང་ཤོས་ན་ནིང་ལས་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་200མང་དུ་ཕྱིན་པ་དེས་སྨད་རྒྱུད་ཀྱི་ཆུ་ལམ་བཤངས་རྒྱུར་ཕན་ཐོགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།