སློབ་གསོ་པུས་2026ལོའི་མཐོ་རྒྱུགས་ཀྱི“དྲ་ཐོག་བློ་འདྲིའི་གཟའ་འཁོར”གྱི་དུས་ཚོད་ཁྱབ་བསྒྲགས་བྱས་པ།
གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་གསོ་པུའི“2026ལོའི་མཐོ་རྒྱུགས་སྲུང་སྐྱོང་བྱ་སྤྱོད”ཀྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་མཐོ་རྒྱུགས་ཀྱི་འདོད་མོས་རེའུ་མིག་འགོད་པའི་དུས་ཚོད་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། 2026ལོའི་མཐོ་རྒྱུགས་ཀྱི“དྲ་ཐོག་བློ་འདྲིའི་གཟའ་འཁོར”གྱི་བྱེད་སྒོ་དེ་ཟླ་6ཚེས་22ཉིན་ནས་ཚེས་28ཉིན་བར་སློབ་གསོ་པུའི“ཉི་འོད་མཐོ་རྒྱུགས”ཀྱི་ཆ་འཕྲིན་ལས་སྟེགས་སུ་སྤེལ་རྒྱུ་རེད།
བྱེད་སྒོ་སྤེལ་རིང་ལས་སྟེགས་ཀྱིས་ཡིག་ཐོག་དྲི་བ་དྲིས་ལན་དང་བརྙན་ལམ་ཐད་གཏོང་གི་བྱེད་ཐབས་སྤྱོད་རྒྱུ་དང་། ཡིག་ཐོག་དྲི་བ་དྲིས་ལན་གྱི་བློ་འདྲིའི་དུས་ཚོད་ཆུ་ཚོད་9པ་ནས་ཆུ་ཚོད་17བར་ཡིན་པ་དང་མཐོ་སློབ་ཁག་གིས་བརྙན་ལམ་ཐད་གཏོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་བསྡུའི་སྲིད་ཇུས་དྲིལ་བསྒྲགས་དང་འདོད་མོས་རེའུ་མིག་འགོད་སྟངས་ལ་མཛུབ་ཁྲིད་ཧར་ཐག་བྱས་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་ཚན་རིག་དང་མཐུན་ལ་འཕྱུགས་པ་མེད་པ་དང་འཐུས་སྒོ་ཚང་བའི་མཛུབ་ཁྲིད་དང་བློ་འདྲིའི་ཞབས་འདེགས་ཏན་ཏིག་ཞུ་བར་སྐུལ་ལྕག་བྱ་རྒྱུ་རེད། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་སློབ་གསོ་པུའི“ཉི་འོད་མཐོ་རྒྱུགས”ཀྱི་ཆ་འཕྲིན་ལས་སྟེགས་ཀྱི་དྲ་ངོས(https:∥gaokao.chsi.com.cn)དང“ཉི་འོད་མཐོ་རྒྱུགས”ཀྱི་ཆ་འཕྲིན་ལས་སྟེགས་ཀྱི་སྐད་འཕྲིན་སྤྱི་རྟགས་སོགས་བརྒྱུད“དྲ་ཐོག་བློ་འདྲིའི་གཟའ་འཁོར”གྱི་བྱེད་སྒོར་ཞུགས་ནས་མཐོ་སློབ་ཁག་གི་སློབ་བསྡུའི་དྲིལ་བསྒྲགས་དང་བརྙན་ལམ་ཐད་གཏོང་གི་ཞིབ་ཕྲའི་བཀོད་སྒྲིག་ཤེས་ཐུབ།
འབྲེལ་ཡོད་གསར་འགྱུར།