དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་སྐབས་བཞི་པ་པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-25

    འདི་ནི་ལྟད་མོ་བ་ཚོས་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་སྐབས་བཞི་པའི་རྨ་ཆུང་སྦུག་བཅོས་ལད་ཟློས་ཉམས་ལེན་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།

    2026ལོའི་ཟླ་6ཚེས་22ཉིན། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་སྐབས་བཞི་པ་པེ་ཅིང་དུ་འགོ་ཚུགས་ཤིང་། སྐབས་འདིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་སུ་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ལྟེ་བར་བྱས་ཏེ། གྲངས་རིག་ཚན་རྩལ་འཁོར་འབྲེལ་དང་། སྔོན་ཐོན་བཟོ་སྐྲུན་འཁོར་འབྲེལ། ལྗང་མདོག་ཞིང་ལས་འཁོར་འབྲེལ། བདེ་ཐང་འཚོ་བའི་འཁོར་འབྲེལ། རིག་ནུས་རླངས་འཁོར་འཁོར་འབྲེལ། ནུས་རྒྱུ་གཙང་མའི་འཁོར་འབྲེལ་སོགས་འཁོར་འབྲེལ་ཆེན་པོ་དྲུག་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཞབས་ཞུའི་འགྲེམས་ཁུལ་གཅིག་བཙུགས་ཡོད་པ་དང་། མི་ཐབས་རིག་ནུས་ཀྱི་ཆེད་དམིགས་འགྲེམས་ཁུལ་ཐོག་མར་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།