དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རིག་གནས་ཀྱིས་སྐད་ཡིག་ལས་ལྷག་པའི་འབྲེལ་ཟམ་འཛུགས་ཐུབ”

    —— པར་ཙིར་ཡུལ་སྐོར་པུའི་པུའུ་ཀྲང་ཟུར་པ་ལུའུ་མེར་ཙི་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲི་ཡོན་ཧའོ།   |     སྤེལ་དུས།  2026-06-25

    “ད་ལོ་ནི‘པར་ཙིར་དང་ཀྲུང་གོའི་རིག་གནས་ལོ’རེད། པར་ཙིར་དང་ཀྲུང་གོས་མཉམ་དུ་གཉེར་བའི་རིག་གནས་བྱེད་སྒོ་མང་པོར་ང་རང་ཞུགས་རྒྱུའི་སྐལ་བ་བཟང་པོ་བྱུང་། བྱེད་སྒོ་འདི་དག་ལས་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་ཁྱད་དུ་འཕགས་པའི་གྲུབ་འབྲས་མཚོན་པ་མ་ཟད། ཕྱོགས་གཉིས་ཀྱི་མཛའ་བརྩེ་ཟབ་མོ་ཡང་མངོན་ཡོད”ཅེས་པར་ཙིར་ཡུལ་སྐོར་པུའི་པུའུ་ཀྲང་ཟུར་པ་ཝེ་ཉི་ཤིའུ་སི·ལུའུ་མེར་ཙིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་ཅིང་། ཁོང་གིས། པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཡུལ་སྐོར་དང་། རིག་གནས། ན་གཞོན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་སྔར་བས་མང་བ་སྦྱིན་རྒྱུའི་རེ་བ་ཡོད་ཅེས་ཀྱང་བརྗོད་པ་རེད།

    པར་ཙིར་དང་ཀྲུང་གོའི་ཁེ་ལས་མཁས་ཅན་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2025ལོར་ཀྲུང་གོས་པར་ཙིར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་45%འཕར་ནས་པར་ཙིར་ཀྲུང་གོས་ཕྱི་རྒྱལ་དུ་མ་འཇོག་བྱེད་པའི་དམིགས་ས་གཙོ་བོའི་མདུན་གྲལ་དུ་སླེབས་ཡོད། ལུའུ་མེར་ཙིས་གྲངས་གཞི་འཕར་བ་དེ་ལས་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་ནུས་ལྡན་མཚོན་ཡོད་ལ་ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལའང་སྐུལ་མ་ཐེབས་པའི་ངོས་འཛིན་བྱས་པ་རེད།

    ལུའུ་མེར་ཙི་ཀྲུང་གོའི་གྲོང་ཁྱེར་མང་པོར་འཚམས་འདྲིར་ཕེབས་མྱོང་བ་དང་ལས་འགན་འཁུར་རིང་པར་ཙིར་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱི་མཉམ་ལས་ཐད་སྐུལ་འདེད་ཧུར་ཐག་བཏང་ཡོད། “ཡུལ་སྐོར་ནི་ཕན་ཚུན་ཤེས་རྟོགས་བྱེད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་གྱི་གྲས་ཡིན་ལ། རིག་གནས་ཀྱིས་སྐད་ཡིག་ལས་ལྷག་པའི་འབྲེལ་ཟམ་འཛུགས་ཐུབ། ཀྲུང་གོས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རིག་གནས། དེང་རབས་ཅན་གྱི་འཕེལ་རྒྱས་བཅས་ལ་བརྟེན་ནས་པར་ཙིར་གྱི་ཡུལ་སྐོར་བའི་ཡིད་དབང་འགུག་གི་ཡོད། ཚོང་དོན་མི་སྣ་དང་། ཕྱི་སྦྱོང་སློབ་མ། ཡུལ་སྐོར་བ་དཀྱུས་མ་ཚོར་མཚོན་ན། ཀྲུང་གོར་མངའ་བའི་སྣ་མང་རང་བཞིན་ལ་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་དབར་གྱི་ཡུལ་སྐོར་འགྲོ་འོང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་སྔར་བཞིན་འདོན་ཐུབ”ཅེས་ལུའུ་མེར་ཙིས་བརྗོད་པ་རེད།

    “ཀྲུང་གོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་ལས་ད་དུང་རྒྱལ་ཁབ་ངོས་ཀྱི་ཁྲིད་སྟོན་ནུས་ལྡན་དང་ས་གནས་སྲིད་གཞུང་གིས་མཐུན་རྐྱེན་གང་ལེགས་སྦྱར་བའི་མཉམ་འདྲེས་ཀྱང་མཚོན་ཡོད” ལུའུ་མེར་ཙིས་དཔེ་དྲངས་ཏེ་ཡུན་ནན་ས་དམ་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་གཉིས་འགལ་མེད་མཉམ་གནས་ཐུབ་པ་མངོན་པ་དང་། ཅིང་ཏེ་ཀྲེན་གྱིས་སྲོལ་རྒྱུན་རིག་གནས་དེང་རབས་ཀྱི་བློ་གསར་དཔལ་འབྱོར་དུ་འགྱུར་བར་ར་སྤྲོད་ཐུབ་པ། པེ་ཅིང་དང་ཧྲང་ཧའེ་ཡི་ཡུལ་སྐོར་ལས་རིགས་ཀྱི་ཐད་རྒྱལ་སྤྱི་ཅན་དང་གསར་གཏོད་ཀྱི་ནུས་པ་མངོན་པ་བཅས་རེད།

    “ཀྲུང་གོ་ནི་སྐྱེ་སྟོབས་གསར་པ་མངོན་པའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཅིག་ཡིན་ལ། པར་ཙིར་ནི་སྣ་མང་དང་གསོན་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་དང་དར་རྒྱས་དོན་གཉེར་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རིག་གནས་དང་། སྤྱི་ཚོགས་འབྲེལ་འདྲིས་མཉམ་འགུལ། འཚོ་བའི་སྤུས་ཚད་བཅས་ཀྱི་ཐད་སྣང་ཆེན་བྱེད་ཀྱི་ཡོད་ཅིང་། ཕན་ཚུན་སྒོ་དབྱེ་དང་རྟོགས་འདོད་ཀྱི་རྣམ་འགྱུར་འཛིན་གྱི་ཡོད”མ་འོངས་པར་རྒྱང་ལྟ་བྱས་ཚེ། ཚོང་དོན་དང་། ཚན་རྩལ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་ཐད་པར་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱིས་གཉིས་ཁེ་གཉིས་ཕན་གྱི་གོ་སྐབས་སྔར་བས་མང་བ་གཏོད་རྒྱུ་མ་ཟད། ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་ཀྱང་ཟབ་ཏུ་འགྲོ་ངེས་རེད་ཅེས་ལུའུ་མེར་ཙིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།