རང་རྒྱལ་གྱིས་ཨ་རིའི་དངོས་ཚན་10ཕྱིར་གཏོང་བཀག་སྡོམ་དང་དོ་དམ་ཚོད་འཛིན་གྱི་མིང་ཐོར་བཅུག་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ཏེ་ཨ་རིའི་དངོས་ཚན་10ཕྱིར་གཏོང་བཀག་སྡོམ་དང་དོ་དམ་ཚོད་འཛིན་གྱི་མིང་ཐོར་འཇུག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་དེའི་ཐད་བརྗོད་དོན། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་སྲུང་སྐྱོང་དང་མི་ཁྱབ་པ་བྱེད་པ་སོགས་ཀྱི་རྒྱལ་སྤྱིའི་འོས་འགན་སྒྲུབ་ཆེད་ཨ་རི་སྲིད་གཞུང་གིས“ཀྲུང་གོའི་དམག་དོན་ཁེ་ལས་ཀྱི་གསལ་ཐོ”ཟེར་བ་མང་དུ་བཏང་བའི་བྱེད་སྟངས་ངན་པར་དམིགས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་བཀག་སྡོམ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱོད་གོ་ཉིས་ཆོད་ཀྱི་དངོས་རྫས་ཕྱིར་གཏོང་བཀག་སྡོམ་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཨའེ་ཝེ་ཨའོ་ཁེ་སི་ཀུང་སི་སོགས་ཨ་རིའི་དམག་དོན་དང་འབྲེལ་བ་ཡོད་པའི་དངོས་ཚན་10ཕྱིར་གཏོང་བཀམ་སྡོམ་དང་དོ་དམ་ཚོད་འཛིན་གྱི་མིང་ཐོའི་ནང་འཇུག་རྒྱུའི་གཏན་འབེབས་བྱས་ཏེ་དེར་སྤྱོད་གོ་ཉིས་ཆོད་ཀྱི་དངོས་ཟོག་ཕྱིར་གཏོང་གཏན་འགོག་བྱ་རྒྱུ་དང་ཕྱིར་གཏོང་གཉེར་སྐྱོང་བྱེད་མཁན་སུ་ཞིག་ཡིན་རུང་གོང་གསལ་གྱི་གཏན་འབེབས་ལས་འགལ་མི་ཆོག
འབྲེལ་ཡོད་གསར་འགྱུར།