ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལོ་སིའི་དུམ་བུར་དོས་འཁོར་སྤྱད་དེ་རྡོག་ཁྲེས་སྐྱེལ་འདྲེན་ལས་སྒོ་གཉེར་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་25ལ་ཚོ་ཆུང་གསར་སྒྲིག་གིས་དོས་འཁོར་ཐོལ་པ་བསྒར་བའི་སྤྱིར་བཏང་མྱུར་ཚད་ཀྱི་འགྲུལ་སྐྱེལ་མེ་འཁོར་K12ལོ་སིའི་ཝན་ཐེན་འབབ་ཚུགས་ནས་ཐོན་ཡོད། དེ་ནི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལོ་སི་དུམ་བུས་རྒྱུན་རྣམ་ཅན་གྱི་སྒོ་ནས་དོས་འཁོར་སྤྱད་དེ་རྡོག་ཁྲེས་སྐྱེལ་འདྲེན་གྱི་ལས་སྒོ་གཉེར་ཐེངས་དང་པོ་ཡིན་ཞིང་། དེ་ལས་ལོ་སི་དུམ་བུའི“མི་ཟོག་མཉམ་འདྲེན”གྱི་རྡོག་ཁྲེས་སྐྱེལ་འདྲེན་བྱེད་སྟངས་རྦད་དེ་མཇུག་འགྲིལ་ནས་སྐྱེལ་འདྲེན་གྱི་ནུས་ཕྱོད་དང་ཞབས་ཞུའི་སྤུས་ཚད་གཉིས་ཀ་ཕྱོགས་ཡོངས་ནས་རིམ་སྤོར་ཐུབ་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།