ལྕགས་ལམ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

འདི་ནི་ཟླ་6ཚེས་13ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གཏོར་མ་གྲོང་ཚོའི་རྩྭ་ཐང་དུ་པར་བརྒྱབ་པའི་བུ་ཆུང་ལྷ་དཀར་ཡིན་པ།

འདི་ནི་ཟླ་6ཚེས་11ཉིན། བུ་ཆུང་ལྷ་དཀར་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་འཁྱག་མཛོད་ནང་ནོར་ལུག་གི་ཤ་དབོར་བཞིན་པ།
ལོ་48ལ་སླེབས་པའི་བུ་ཆུང་ལྷ་དཀར་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གཏོར་མ་གྲོང་ཚོའི་འབྲོག་པ་ཞིག་ཡིན་ཞིང་། ཁོང་ལ་མཚོན་ན། མཚོ་བོད་ལྕགས་ལམ་ནི་འབྲི་ཆུའི་ཆུ་འགོའི་ཕ་ཡུལ་དང་བདེ་སྐྱིད་ཁྱིམ་གསར་ལ་སྐྱོད་པའི་ལམ་ཡིན་ལ། ས་མཐོའི་ཁྱད་ལྡན་འབྲོག་ལས་ཐོན་རྫས་ཕྱོགས་བཞི་མཚམས་བརྒྱད་ལ་བསྐྱལ་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་ཡང་ཡིན། དུས་མཚུངས་སུ། ཁོང་གིས་ཕྱི་རོལ་གྱི་འདུ་ཤེས་གསར་པ་དང་གོ་སྐབས་གསར་པ་ཤེས་རྟོགས་བྱས་ནས་ཉེ་འགྲམ་མང་ཚོགས་ཀྱི་བློ་སྒོ་འབྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།