དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་ལྕཌ་ལམ་གྱིས་དངོས་ཟོག་ཏུན་དུང་ཕྱུར་16.7སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་1.8%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-24

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་དང་པོ་ནས་ལྔ་པའི་བར་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ལྕགས་ལམ་གྱིས་དངོས་ཟོག་ཏུན་དུང་ཕྱུར་16.7སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་1.8%འཕར་བ་དང་། ཉིན་རེར་ཆ་སྙོམས་དངོས་ཟོག་བླུགས་པའི་མེ་འཁོར་ཁྲི་18.63ཟིན་པ་དེ་དུས་མཚུངས་ལས་2.8%འཕར་བ་དང་། དེའི་ནང་ཟླ་5ཚེས་2ཉིན་དངོས་ཟོག་བླུགས་པའི་མེ་འཁོར་ཁྲི་20.24ཟིན་ནས་ཉིན་གཅིག་ལ་དངོས་ཟོག་བླུགས་པའི་མེ་འཁོར་མང་ཤོས་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་བཏོད་ཡོད།

    ལྕགས་ལམ་ཟོག་འགྲུལ་གྱི་ཐོན་རྫས་ཕུན་སུམ་ཚོགས་ལ་འཐུས་སྒོ་ཚང་དུ་ཕྱིན་ཞིང་། ཟླ་དང་པོ་ནས་ལྔ་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་ལྕགས་ལམ་དང་མཚོ་ཐོག་ནས་མཉམ་འདྲེན་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་758ཟིན་པ་དེ་དུས་མཚུངས་ལས་11.0%འཕར་བ་དང་། རིམ་རྩིས་བརྒྱབ་ན། “འཛིན་རྐྱང་ལམ་ལུགས”ཀྱི་ཟོག་འགྲུལ་ཐོན་རྫས་ཀྱི་ཚད་ལྡན་དོས་སྒམ་ཁྲི་4.7ཟིན་པ་དང་། རྒྱལ་ཁབ་ལྕགས་ལམ་ཅུས་ཀྱིས་རིམ་རྩིས་བརྒྱབ་ན་ཕྱིར་ཚོང་རླངས་འཁོར་ཁྲི་82.4ཟིན་པ་དེ་དུས་མཚུངས་ལས་55.5%འཕར་བའི་ནང་ནུས་གསར་རླངས་འཁོར་ཁྲི་42.2ཟིན་པ་དེ་དུས་མཚུངས་ལས་110.3%འཕར་ཡོད་པ་རེད།

    ལྕགས་ལམ་ཟོག་འགྲུལ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རིམ་སྤོར་བྱས་ཤིང་། 2026ལོར་རིམ་རྩིས་བརྒྱབ་ན་ཟོག་འགྲུལ་གྱི་སྤྱིའི་འགན་གཙང་ལེན་པའི་གན་རྒྱ་1185བཞག་པ་དང་། གན་རྒྱ་ལྟར་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་11.5ཟིན་ཡོད། ཟླ་དང་པོ་ནས་ལྔ་པའི་བར་ལྕགས་ལམ་གྱི་མ་ལམ་སྐྱེལ་འདྲེན་གཙོ་བོར་བྱས་པའི་བརྒྱུད་རིམ་ཧྲིལ་པོའི་ཟོག་འགྲུལ་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་2ཟིན་པ་དེ་དུས་མཚུངས་ལས་102.2%འཕར་ཡོད། ད་ལོ་ནས་བཟུང་། ལྕགས་ལམ་ཟོག་འགྲུལ་གྱི་དངུལ་རྩའི་ཞབས་ཞུའི་རིམ་རྩིས་མ་དངུལ་བསྡུ་སྒྲིལ་གྱི་བསྡོམས་འབོར་སྒོར་དུང་ཕྱུར་100ལས་བརྒལ་ཡོད་པ་རེད།

    ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ)ཀྱི་དུས་གཏན་མེ་འཁོར་རྒྱུན་མཐུད་དང་བརྟན་པོའི་ངང་གཏོང་འགོ་ཚུགས་ཏེ། ཟླ་དང་པོ་ནས་ལྔ་པའི་བར་ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ)ཀྱི་དུས་གཏན་མེ་འཁོར་15506བཏང་བ་དེ་དུས་མཚུངས་ལས་12.6%འཕར་བ་དེའི་ནང་། ཀྲུང་ཡོའི་དུས་གཏན་མེ་འཁོར་9331བཏང་བ་དེ་དུས་མཚུངས་ལས་21%འཕར་བ་དང་། ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་6175བཏང་བ་དེ་དུས་མཚུངས་ལས་2.1%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།