དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་5པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་ཀྱི་སྟོན་གྲངས་472.9ཟིན་ནས་ལས་རིགས་ཀྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-24

     ཉེ་ཆར་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཟླ་5པའི་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་ཀྱི་སྟོན་གྲངས་སྙན་ཞུ་ཡོངས་བསྒྲགས་བྱས་པ་རེད། ཚད་ལེན་ཞིབ་རྩིས་བརྒྱབ་པ་བརྒྱུད། ཟླ་5པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་ཀྱི་སྟོན་གྲངས་472.9ཟིན་པ་དེ་དུས་མཚུངས་ལས་3.1%འཕར་བ་དང་། ལས་རིགས་ཀྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ། ཞབས་ཞུའི་མ་ལག་ཉིན་རེ་བཞིན་སྣ་མང་ཅན་དུ་གྱུར་པ། སྒྲིག་བཀོད་དྲ་རྒྱ་ལེགས་སྒྲིག་རིམ་སྤོར་བྱས་པ་བཅས་ལས་དངོས་ཚན་དཔལ་འབྱོར་གྱི་འདེགས་སྐྱོར་འགན་ལེན་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།

    ལས་སྒོའི་གཞི་ཁྱོན་མགྱོགས་མྱུར་འཕར་ཞིང་། ཟླ་5པར་འཕེལ་རྒྱས་ཀྱི་གཞི་ཁྱོན་སྟོན་གྲངས་644.5ཟིན་པ་དེ་དུས་མཚུངས་ལས་7%འཕར་ཡོད། དྲ་ཚོང་གིས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ནམ་དུས་ཀྱི་ཞིང་ལས་ཐོན་རྫས་བསྐུར་སྐྱེལ་གྱི་དགོས་མཁོ་ཆེ་བའི་སྐུལ་ཁྲིད་འོག ཟླ་5པར་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུས་མཚུངས་ལས་6%ཙམ་འཕར་བ་དང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་8.5%ཙམ་འཕར་བ་རེད།

    ཞབས་ཞུའི་ཆུ་ཚད་མཐོ་རུ་བརྟན་པོ་ཕྱིན་ཞིང་། ཟླ་5པར་ཞབས་ཞུའི་སྤུས་ཚད་ཀྱི་སྟོན་གྲངས་676.8ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་སྤྱིར་ན་གཅིག་མཚུངས་ཡིན་པ་རེད། རྣམ་གྲངས་ཁག་བགོས་ཀྱི་དམིགས་ཚད་ནས་བལྟས་ན། མྱུར་སྐྱེལ་ཞབས་ཞུའི་སྤྱི་དམངས་ཀྱི་བློ་ཡིད་ཚིམས་ཚད་སྐར་མ་84.8ཟིན་ཡོད། གཙོ་གནད་ས་ཁུལ་གྱི་ཆུ་ཚོད་72ནང་བསྐུར་སྐྱེལ་འཁྱོལ་ཚད་86.6%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.5འཕར་ཡོད།

    ལས་རིགས་ཀྱི་རྣམ་པ་མང་བའི་ཞབས་ཞུ་རྒྱ་སྐྱེད་ཕྱིན་ནས་མྱུར་སྐྱེལ་དང་དེང་རབས་ཞིང་ལས་ཟུང་དུ་འབྲེལ་བའི་ནུས་ཆེའི་འཕེལ་རྒྱས་དང་མྱུར་སྐྱེལ་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི་མཉམ་འདྲེས་གཏིང་ཟབ་བྱས་ཏེ། དཔེ་དབྱིབས་གསར་པ་དང་སྒྲིག་ཆས་གསར་པ་མགྱོགས་མྱུར་དོན་འཁྱོལ་ཐུབ་པ་དང་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

    དྲ་རྒྱའི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། ཧྲུན་ཧྥུང་གིས་ཧུའུ་པེའི་ཨེ་ཀྲོའུ་མེ་ཏོག་མཚེའུ་རྒྱལ་སྤྱིའི་གནམ་ཐང་གི་སྤྱི་པའི་རྒྱལ་སྤྱིའི་ཟོག་འགྲུལ་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཡོན་ཐུང་གིས་ཀྲེ་ཅང་ཅ་ཤིང་མཁའ་འགྲུལ་ཟོག་འགྲུལ་ལྟེ་གནས་ཀྱི་རྒྱལ་སྤྱིའི་བྱེད་ནུས་སྤྱོད་འགོ་ཚུགས་ཏེ“ཅ་ཤིང་ནས་ཏ་ཁ”བར་གྱི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་བཏོད་པ་ལ་སོགས། ཟླ་5པར་ལས་རིགས་ཁུལ་ཁོངས་བསྡུ་འགྲེམས་དང་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ནས་བརྒྱུད་འདྲེན་ནུས་པ་སླར་ཡང་སྐས་རིམ་གསར་པར་སླེབས་ཡོད།

    རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ལས་རིགས་ཀྱིས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་གཏོད་ཞབས་ཞུའི་རྣམ་པ་རྒྱ་ཆེར་གཏོང་བ། ཞབས་ཞུའི་སྤུས་ཚད་དང་འཁོར་རྒྱུག་ལས་ཕྱོད་དུས་གཅིག་ཏུ་ཆེ་རུ་གཏོང་བ་བཅས་བྱས་པ་དང་བསྟུན་ནས། ཟླ་6པར་དྲ་ཚོང་གི་གཅིག་སྡུད་བྲིན་ཚོང་སོགས་ཕན་ཡོད་ཆ་རྐྱེན་ལ་བརྟེན་ནས་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་ཆེ་རུ་འགྲོ་རེ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།