དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།

    མང་ཚོགས་བློ་ཡིད་ཚིམ་པའི་སྲིད་དོན་ལས་རྗེས་བཞག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2026-06-24

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དམ་པ་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཐོག་སྦྱོང་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པ་དང་དངོས་ཕན་ཐོབ་པའི་དམངས་འཚོའི་བྱ་བ་དངོས་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མང་ཚོགས་བློ་ཡིད་ཚིམ་པའི་སྲིད་དོན་ལས་རྗེས་བཞག་ཡོད།

    དགོས་མཁོ་དང་ཐབས་ཇུས་དམངས་ལ་འདྲི་བ།

    ཡུན་ནན་ཞིང་ཆེན་ཝུན་ཧྲན་ཀྲོང་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཆིའུ་པེ་རྫོང་གིས་སྒོ་དབྱེའི་སློབ་གསོ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། སྨན་བཅོས་སློབ་གསོ། ཚོང་གཉེར་ཁོར་ཡུག་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། རིམ་རྩིས་བརྒྱབ་ན་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་7འཚོགས་པ་དང་། བསམ་འཆར་དང་གྲོས་འགོ་ཁག་17བསྡུས་ཡོད། 12345ཐད་སྦྲེལ་ཁ་པར་དང་ཡིག་འབུལ་ཞུ་བཅར་ལས་སྟེགས་སོགས་ལ་བརྟེན་ནས་དམངས་འཚོའི་རེ་ཞུ་དང་། འཕེལ་རྒྱས་ཀྱི་དཀའ་གནད། ཞབས་ཞུའི་ཞན་ཆ་སོགས་ཀྱི་དོན་ཚན་ཁག་720གསེད་བཀྲོལ་བྱས་ཤིང་། རྩིས་ཁྲ་བཟོ་བ་དང་། རིགས་དབྱེ་བསྒྱུར་སྒྲུབ། དུས་བཀག་ཐག་གཅོད། གདུབ་ཟུམ་དོ་དམ་བཅས་བྱས་ཏེ་གནད་དོན་བཤེར་འདོན་ཐད་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། དག་ཐེར་བཅོས་སྒྲིག་ཐད་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན། ཕན་འབྲས་ཞིབ་བཤེར་ཐད་མང་ཚོགས་ཀྱི་ཞིབ་དཔྱད་དང་ལེན་བཅས་བྱས་ཡོད།

    ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་ཀྱིས་དགོས་མཁོ་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་དྲ་ཐོག་དང་དྲ་ཕྱིའི་རེ་ཞུ་འཚོལ་བསྡུའི་ཐབས་ལམ་བསྡུ་སྒྲིལ་བྱས་ཤིང་། ཁེ་ལས་ཀྱི་གཉེར་སྐྱོང་འཕེལ་རྒྱས་དང་མང་ཚོགས་ཚོས་བྱ་བ་སྒྲུབ་རིང་གི་ལན་སྤྲོད་བསམ་འཆར་དང་གྲོས་འགོ་དང་གནད་དོན་གྱི་རེ་ཞུ་སྣ་ཚོགས་བཅོས་སྒྲིག་གསལ་ཐོའི་ནང་བཅུག་ནས་འགག་སྒྲོལ་ལ་དམིགས་པ་དང་གཅིག་སྡུད་དག་ཐེར་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས་གནད་དོན་ལ་བསམ་གཞིག་དང་ཐབས་ཇུས་བཀོད་ཡོད་པ་རེད།

    ཕུགས་ཕན་རྒྱུན་བཅོས་ལ་སྐུལ་འདེད་བཏང་བ།

    སློབ་སྦྱོང་སློབ་གསོ་སྤེལ་ཚུན། ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཁྱེར་ཏ་ལཱ་ཐེ་ཆི་ཡིས་གཙོ་གནད་ལས་དོན་དང་། གཞི་རིམ་ཏང་འཛུགས་སྐྱོང་། ལས་བྱེད་པའི་མི་དོན། ནོར་དོན་རྒྱུ་ནོར་སོགས་ཕྱོགས་9ཡི་ཐད་ནས་རྩིས་སྤྲོད་རྩིས་ལེན་གྱི་ཞིབ་ཕྲའི་དོན་ཚན་གྱི་གསལ་ཐོ་ཁག་49ཞིབ་ཚགས་སུ་བཏང་སྟེ། ལས་ཀའི་གཞི་གྲངས་དང་འགན་འཁྲིའི་དབྱེ་མཚམས་ཕྱོགས་ཡོངས་ནས་གསལ་པོ་བཟོས་ཡོད། དེ་དང་ཆབས་ཅིག་ལས་བྲལ་རྩིས་སྤྲོད་རྩིས་ལེན་གྱི་རྗེས་མཐུད་ལྟ་སྐུལ་ལམ་སྲོལ་བཙུགས་ནས། རྩིས་སྤྲོད་རྩིས་ལེན་གྱི་གསལ་ཐོའི་ནང་གི་དཀའ་གནད་དང་ཤུལ་ལུས་ལས་དོན་ལ་དག་ཐེར་དུས་བཀག་དང་སྐུལ་གཏོང་བྱ་ཐབས། འགན་འཁུར་བ་བཅས་ཁ་གསལ་བཟོ་བ་དང་། དུས་བཀག་ལྟར་བཀོད་གཏོང་དང་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། ལས་གནས་འགྱུར་ལྡོག་དང་། ལས་རྒྱུན་མི་ཆད་པ། མི་སྣ་བརྗེ་རེས། དལ་ལྷོད་རན་པོ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ནས“དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བ”སྔོན་འགོག་བྱས་ཡོད།

    ལེའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་ཝང་ཧྭ་ཆུས་ཀྱིས་ལག་ལེན་བསྟར་མུས་ཀྱི་ལམ་ལུགས་དང་ལམ་སྲོལ་ཁྲོད་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་བླང་བྱ་དང་མི་མཐུན་པའི་གཏན་འབེབས་བཙལ་འཚོལ་ཞིབ་ཚགས་བྱས་ཏེ། གཞི་རིམ་གྱི་དོན་དངོས་དང་མི་མཐུན་པའི་དཔྱད་ཞིབ་དམིགས་ཚད་ཁག་6མེད་པར་བཟོས་པ་དང་དཔྱད་ཞིབ་ཀྱི་ཞིབ་སྲོལ་ལ་བཟོ་བཅོས་བརྒྱབ་པ་དང་། ཉེན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ལས་ཀར་སྣང་འཇོག་མི་བྱེད་པ་དང་འགན་འཁྲི་འཁུར་མི་ཕོད་པ་སོགས་ཀྱི་ལས་བྱེད་པར་རིམ་དབྱེའི་ཉེན་བརྡ་བཏང་བ་དང་འགུལ་རྣམ་ལེགས་སྒྲིག་བྱེད་དུ་བཅུག་ཡོད།

    དམངས་ལ་བདེ་སྐྱིད་སྐྲུན་པའི་དམ་བཅའ་བཞག་པ།

    ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཅང་པེ་ཁུལ་གསར་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་རེ་རེ་བཞིན་དོན་འཁྱོལ་བྱེད་པར་དམ་འཛིན་བྱས་ཤིང་། དེའི་ནང་ཐའེ་ཧྲན་ཁྲོམ་གཞུང་གིས་ཁུལ་ཆུང་རྙིང་པར་མཚན་མོ་རླངས་འཁོར་འཇོག་དཀའ་བའི་གནད་དོན་ལ་དམིགས་ནས་འགྲོ་ལམ་སྤྱི་ལེ་3ཙམ་རླངས་འཁོར་འཇོག་པར་མཁོ་འདོན་བྱས་པ་དང་བེད་མེད་དུ་ལུས་པའི་ས་ཆར་གནས་སྐབས་རླངས་འཁོར་འཇོག་ས་བསྐྲུན་ཡོད། ཀེ་ཐང་ཁྲོམ་གཞུང་གིས་ཁུལ་ཆུང་གི་དོན་སྒོའི་ལྕགས་རིས་མི་བགྲོད་ལམ་བཟུང་བས་མི་དང་འཕྲུལ་སྒུལ་འཁོར་རིགས་འགྲོ་ལམ་གཅིག་ཏུ་སྐྱོད་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་ཐུབ་རྗེས། གྲོང་ཁྱེར་དོ་དམ་སྡེ་ཚན་དང་མཉམ་དུ་བཤིག་པ་དང་ལམ་ངོས་ཉམས་གསོ་བྱས་ཁར། གྲོང་མིའི་འཐུས་མི་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་རྩིས་ལེན་བྱེད་དུ་བཅུག་པ་སོགས། དམངས་ཀྱི་རེ་འབོད་ལ་ལན་འདེབས་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་སེམས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་བརྒྱུད་རིམ་ནང་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཡོད།

    སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཧྲན་ཏུང་ཞིང་ཆེན་ཧོ་ཙེ་གྲོང་ཁྱེར་གྱིས་གཙོ་གནད་ཀྱི་དམངས་འཚོའི་དོན་དངོས་རྒྱུན་གཏན་ལྟ་སྐུལ་གྱི་གསལ་ཐོའི་ནང་བཅུག་ནས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པ་དང་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་སྡེ་ཚན་གྱི་འགན་འཁྲི་དམ་ནན་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རྗེས་སྙེག་བཀོད་གཏོང་དང་ཕན་འབྲས་རྩད་གཅོད་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་རྣམ་གྲངས་མགྱོགས་མྱུར་ལག་བསྟར་བྱེད་པ་དང་ཕན་འབྲས་སྔ་ཙམ་ཐོན་པར་སྐུལ་འདེད་གཏོང་བ། ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་སློབ་སྦྱོང་སློབ་གསོར་ཁྲལ་སེལ་སླ་བཅོས་མི་བྱེད་པ་དང་དག་ཐེར་བཅོས་སྒྲིག་ལ་ཕན་འབྲས་ཐོན་པའི་འགན་ལེན་བཅས་བྱས་ཏེ་མང་ཚོགས་ཀྱིས་གང་ལེགས་ཚོར་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།