“དྭངས་གསལ། ཨང་རྟགས་ཀྱི་མིང་དང་ཆ་འཕྲིན་ཟང་ཟིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་བ།
གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། 2026ལོའི“དྭངས་གསལ”གྱི་རིམ་སྤེལ་ཆེད་དོན་བྱ་སྤྱོད་ཀྱི་སྤྱིའི་བཀོད་སྒྲིག་ལྟར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཉེ་དུས་ནས་བཟུང་དུས་ཡུན་ཟླ་བ་གསུམ་གྱི“དྭངས་གསལ། ཨང་རྟགས་ཀྱི་མིང་དང་ཆ་འཕྲིན་ཟང་ཟིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
ཆེད་དོན་བྱ་སྤྱོད་སྤེལ་རིང་མངོན་གསལ་དོད་པའི་གནད་དོན་རིགས་4གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱ་རྒྱུ་སྟེ། གཅིག་ནས་གཞུང་ཕྱོགས་ལས་ཁུངས་ཀྱི་ཨང་རྟགས་རྫུན་བཟོ་དང་སྨྱན་སྦྱོར་ཨང་རྟགས་རྫུན་བཟོ་བྱས་པ་སོགས་ཚུད་པའི་མིང་རྫུན་བཟོ་བྱས་པའི་གནད་དོན་དང་། གཉིས་ནས་ཁས་ལེན་དཔང་འདོན་མ་བྱས་གོང་ཐོབ་ཐང་དང་གོ་མིང་སྣོན་བཀོད་བྱས་ཏེ་དམིགས་བསལ་ལས་རིགས་མི་སྣར་བརྫུས་ནས་གླེང་མང་བའི་དོན་རྐྱེན་སྦིར་སྒྲོག་བཟོ་བ་སོགས་ཚུད་པའི་ཐོབ་ཐང་རྫུན་བཟོ་བྱས་པའི་གནད་དོན། གསུམ་ནས་སྒྲིག་འགལ་གྱི་ཕྱི་ཕྱོགས་འབྲེལ་གཏུག་ཨང་རྟགས་སྣོན་བཀོད་བྱས་པ་དང་། ཚུལ་མིན་གྱི་ཆ་འཕྲིན་ལྐོག་ཏུ་བཀོད་པ། ཨང་རྟགས་སྒྲིག་འགལ་ངང་བསྐྱར་དུ་ཐོན་པ་སོགས་ཚུད་པའི་སྒྲིག་འགལ་ཆ་འཕྲིན་བཀོད་པའི་གནད་དོན། བཞི་ནས་གྲངས་གཞི་རྫུན་བཟོ་དང“Vཆེན”རྫུན་མའི་གནད་དོན་དང་། “རོ་རེངས”ཨང་རྟགས་ཀྱི་གནད་དོན་སོགས་ཚུད་པའི་མིང་དང་ཆ་འཕྲིན་ནག་ཐལ་རིགས་ཀྱི་སྒྲིག་འགལ་ཐོན་ལས་ཀྱི་གནད་དོན་བཅས་རེད།
འབྲེལ་ཡོད་གསར་འགྱུར།