དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ལས་འཛིན་ལྷན་ཚོགས་བཙུགས་ནས་ལོ་ངོ་20འཁོར་བའི་རིམ་པ་མཐོ་བའི་གླེང་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-24

    རེ་ནེ་ཝ་ནས་གནས་ཚུལ་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་19ཉིན་ལས་འཛིན་ལྷན་ཚོགས་བཙུགས་ནས་ལོ་ངོ་20འཁོར་བའི་རིམ་པ་མཐོ་བའི་གླེང་མོལ་ཚོགས་འདུ་འཚོགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་ཐུར་ཁོ་དང་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སུའུ་ལི་ཡུའེ་ཏི་ཕུའུ་ལུའོ་སོགས་ཀྱིས་ཚོགས་འདུར་ཞུགས་མཁན་ཕྱོགས་ཁག་དང་གླེང་མོལ་གནང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝ་རུ་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཅཱ་ཀུའེ་ཏེ་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་བྱས་པ་རེད།

    ཅཱ་ཀུའེ་ཏེ་ཡིས་བརྗོད་དོན། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་བཙུགས་ནས་ལོ་ངོ་20འཁོར་བ་ནི་ཐོག་མའི་བསམ་འདུན་བསྐྱར་དྲན་དང་། མིག་སྔར་ཞིབ་ལྟ། འབྱུང་འགྱུར་ལ་ཕྱོགས་པ་བཅས་ཀྱི་དུས་སྐབས་གལ་ཆེན་ཞིག་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཚལ་ཡིག་ལ་ཀྲུང་གོའི་ཇུས་གཞི་བཏོན་གནང་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ཅཱ་ཀུའེ་ཏེ་ཡིས་ནན་བཤད་བྱས་དོན། ཤེས་དཔལ་ལ་སྣ་མང་རང་བཞིན་ལྡན་ཡོད་པས། རྒྱལ་ཁབ་ཁག་གིས་རང་བརྟེན་གདམ་ག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱས་ནས། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དང་ཤེས་དཔལ་སྣ་མང་རང་བཞིན་གྱི་རྩོད་སྒྲུབ་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུ་ཡིན་ལ། རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་བཏང་ནས། ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།