ཀྲུང་གོའི་སྤུས་རྟགས་རླངས་འཁོར་ལ་ཨེ་ཁྭ་ཏོར་དུ་དགའ་བསུ་ཐོབ་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་ཐོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་20ཉིན། དུས་ཡུན་ཉིན་གཉིས་ཀྱི་2026ལོའི་ཁེ་ཐོའི་རྒྱུན་མཐུད་ཆོག་པའི་རླངས་འཁོར་འགྲེམས་སྟོན་ཨེ་ཁྭ་ཏོར་གྱི་རྒྱལ་ས་ཁེ་ཐོ་རུ་འགོ་ཚུགས་ཤིང་། ཀྲུང་གོའི་སྤུས་རྟགས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ས་གནས་དེ་གའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
ཨེ་ཁྭ་ཏོར་གྱི་རླངས་འཁོར་བཟོ་ལས་ཁེ་ལས་མཐུན་ཚོགས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། ཀྲུང་གོའི་སྤུས་རྟགས་རླངས་འཁོར་ཨེ་ཁྭ་ཏོར་གྱི་གློག་རྐྱང་དང་གློག་སྣུམ་མཉམ་འགུལ་རླངས་འཁོར་ཁྲོམ་རར་བཀྲམ་ཞིང་། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། ཀྲུང་གོའི་སྤུས་རྟགས་རླངས་འཁོར་ཕྱིར་ཚོང་བྱེད་ཚད་དེ་ཨེ་ཁྭ་ཏོར་དུ་བཙོངས་ཚད་མདུན་གྲལ་20ཡི་གློག་རྐྱང་རླངས་འཁོར་ཁྲོད་63.6%བཟུང་བ་དང་བཙོངས་ཚད་མདུན་གྲལ་20ཡི་གློག་སྣུམ་མཉམ་འགུལ་རླངས་འཁོར་ཁྲོད་34.8%བཟུང་ཡོད།
འབྲེལ་ཡོད་གསར་འགྱུར།