2026ལོའི་རྒྱལ་སྤྱིའི་ན་གཞོན་འགོ་ཁྲིད་པའི་ཟབ་སྦྱོང་སྤེལ་རེས་སྒར་སའི་བྱེད་སྒོ་ཧུའུ་པེའི་ཙི་ཀུའེ་རུ་སྤེལ་བ།

2026ལོའི་ཟླ་6ཚེས་19ཉིན། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་དུ་2026ལོའི་རྒྱལ་སྤྱིའི་ན་གཞོན་འགོ་ཁྲིད་པའི་ཟབ་སྦྱོང་སྤེལ་རེས་སྒར་སའི་བྱེད་སྒོ་སྤེལ་ཞིང་། ཨ་རི་དང་། དབྱི་ཐ་ལི། སིང་ཀ་ཕོར་སོགས་རྒྱལ་ཁབ་10ཡི་ན་གཞོན་འཐུས་མི་ཙེ་ཀུའེ་ཡི་ཁྲུའུ་ཧྥེང་ཁྲོམ་ཁུལ་གྱི་ཅིའུ་ཀོ་སྲང་ལམ་དུ་བསྐྱོད་དེ་ས་ཡུལ་དངོས་སུ་མཁན་པ་འགེལ་བ་དང་། ལོ་སྒྲིལ་འབྲས་ཆན་སྒྲིལ་བ། དྲི་ཞིམ་ཁུག་མ་འཚེམ་པ་སོགས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཡུལ་སྲོལ་ཉམས་ལེན་བྱས་པ་རེད།
འདི་ནི་2026ལོའི་ཟླ་6ཚེས་19ཉིན་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་དུ་2026ལོའི་རྒྱལ་སྤྱིའི་ན་གཞོན་འགོ་ཁྲིད་པའི་ཟབ་སྦྱོང་སྤེལ་རེས་སྒར་སའི་བྱེད་སྒོའི་ནང་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་དྲི་ཞིམ་ཁུག་མ་བཟོ་སྟངས་ཉམས་ལེན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།