གཅིག་གྱུར་གྱི་སྤུས་རྟགས་སྤྱོད་འགོ་ཚུགས་ནས་ལོ་10འཁོར་བ།
ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་གྲངས་ལོ་བཅུ་ལ་ལྡབ་10.8ཙམ་འཕར་བ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་6པར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞེས་པའི་གཅིག་གྱུར་སྤུས་རྟགས་སྤྱོད་འགོ་ཚུགས་ནས་ལོ་10སོང་རིང་དུས་གཏན་མེ་འཁོར་གཏོང་ཁྱོན་དང་། ཤར་གཏོང་ཁྱབ་ཁོངས། ཞབས་ཞུའི་སྤུས་ཚད། ཁྱབ་འགྱེད་ནུས་ཕྱོད་བཅས་ཆེ་རུ་ཕྱིན་ཞིང་། ལོར་མེ་འཁོར་གཏོང་གྲངས་2016ལོའི་1702ནས་2025ལོའི་20022བར་འཕར་ཏེ། ལོ་10ཡི་ནང་ལྡབ་10.8ཙམ་འཕར་བ་དང་ལོ་རེར་ཆ་སྙོམས་31.5%འཕར་ཡོད།
ལོ་10ཡི་རིང་ཀྲུང་ཡོའི་དུས་གཏན་མེ་འཁོར་དེ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པ་དང་མཚན་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་ཟོག་འགྲུལ་སྤུས་རྟགས་གྲགས་ཅན་ཞིག་ཏུ་རིམ་བཞིན་གྱུར་ཡོད། གཅིག་གྱུར་གྱི་སྤུས་རྟགས་སྤྱོད་འགོ་ཚུགས་རྗེས་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་སྐྱེལ་འདྲེན་བྱེད་ཤུགས་ཆེ་བ་དང་། ཉིན་མཚན་མེད་པར་གཏོང་བ། བདེ་འཇགས་བརྟན་ལྷིང་ཆེ་བ་སོགས་ཀྱི་ལེགས་ཆ་གང་ལེགས་བཏོན་པར། རྒྱལ་སྤྱིའི་ཟོག་འགྲུལ་ཁྲོམ་རའི་དགའ་བསུ་ཐོབ་པ་དང་། མེ་འཁོར་གཏོང་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། 2020ལོ་ནས་བཟུང་ལོ་རེར་སྐྱེལ་འདྲེན་བྱེད་ཚད་ཁྲི་ཡན་རྒྱུན་འཁྱོངས་ཐུབ་ཡོད། འདི་ལོ་ཤར་བ་ནས་ཟླ་6ཚེས་10ཉིན་བར་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་གྲངས་ཁྲི་དང་དོས་སྒམ་ཁྲི་བརྒྱ་ལས་བརྒལ་ནས་སླར་ཡང་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།