མཚོ་སྔོན་གྱིས་ཤེས་རིག་བདག་དབང་གི་རྩོད་གཞིའི་སྣ་མང་ཅན་གྱི་འདུམ་འགྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཤེས་རིག་བདག་དབང་ཅུས་ཀྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཉམ་འབྲེལ་བྱས་ནས་འཚོགས་པའི་ཤེས་རིག་བདག་དབང་གི་རྩོད་གཞི་འདུམ་འགྲིག་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་ཤེས་རིག་བདག་དབང་གཏུག་བཤེར་དང་འདུམ་འགྲིག་མཉམ་འགུལ་རྒྱུན་མཐུད་ཟབ་ཏུ་བཏང་ནས་མ་གནས་དམའ་བ་དང་། ལས་ཕྱོད་ཆེ་བ། མཉེན་གཤིས་ཅན་གྱི་རྩོད་གཞི་འདུམ་འགྲིག་བཅས་ཀྱི་རྣམ་པ་སྤྱོད་པ་དང་། སྲིད་འཛིན་དང་ཁྲིམས་འཛིན་མཐུན་སྦྱོར་གྱི་བགྲོད་ལམ་ཤར་གཏོང་བྱེད་པ། ཤེས་བྱའི་བདག་དབང་གི་འགལ་ཟླ་སྣ་མང་ཅན་གྱི་འདུམ་འགྲིག་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།
ཤེས་རིག་བདག་དབང་གི་རྩོད་གཞི་ཐག་གཅོད་ལས་རིམ་གསེད་བཀྲོལ་བྱ་ཆེད་མཚོ་སྔོན་གྱིས་རྩེ་རིམ་ལམ་ལུགས་ཀྱི་ཇུས་འགོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་དྲ་ཐོག་གཏུག་བཤེར་དང་འདུམ་འགྲིག་གི་འབྲེལ་མཐུད་ལམ་སྲོལ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ཞིང་ཆེན་རིམ་པའི་སྡེ་ཚན་གཉིས་ཀྱིས་སྔ་རྗེས་སུ་ལེ་ལག་ཚང་བའི་ལས་ཀའི་ཡིག་ཆ་བཏོན་ནས་ཡུལ་དེ་གའི་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པའི་འདུམ་འགྲིག་གི་སྲིད་ཇུས་མ་ལག་བཟོས་པ་རེད། གཏུག་བཤེར་དང་འདུམ་འགྲིག་འབྲེལ་མཐུད་ཀྱི་ལས་དོན་ས་ཚིགས་ལ་བརྟེན་ནས་མངགས་བཅོལ་འདུམ་འགྲིག་དང་། གཏུག་བཤེར་གོང་གི་འབྲེལ་མཐུད། ཁྲིམས་འཛིན་འདྲི་གཅོད་བཅས་ཚུད་པའི་ཐག་གཅོད་སྦྲེལ་ཐག་ཆ་ཚང་ཞིག་བཟོས་ཏེ་ཞིང་ཆེན་ཡོངས་སུ་ཤེས་རིག་བདག་དབང་འདུམ་འགྲིག་ལས་ཁུངས་10བཀོད་སྒྲིག་བྱས་ཐོག་ཤེས་རིག་བདག་དབང་སྲུང་སྐྱོང་ལས་དོན་ཐད་ཤེས་རིག་བདག་དབང་གཙོ་གཉེར་སྡེ་ཚན་གྱིས་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཁྲིམས་ཁང་གིས་མཐུན་སྦྱོར་གཞོགས་འདེགས་བྱེད་པ། ས་གནས་ཁག་གིས་ཁོངས་གཏོགས་ཁུལ་དུ་དོན་འཁྱོལ་བྱེད་པ་བཅས་ཀྱི་ལས་ཀའི་མ་ལག་ཆ་ཚང་ཞིག་ཆགས་པ་རེད།
གྲངས་གཞི་ལས་མངོན་པར། ཞིང་ཆེན་དེ་ཡོངས་ཀྱི་རིགས་ཁག་གི་ཤེས་རིག་བདག་དབང་འདུམ་འགྲིག་གྱོད་གཞི་2025ལོར་293ཟིན་པ་དེ་དུས་མཚུངས་ལས་290.6%འཕར་བ་དང་། གྱོད་གཞི་ཁག་139འདུམ་འགྲིག་བྱས་པ་དེ་དུས་མཚུངས་ལས་717.6%འཕར་ནས་ལས་ཀའི་ཕན་འབྲས་ཐད་རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཐེངས་མང་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།