དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིག་དངོས་བཟོ་སྐྲུན་གྱི་མེ་གསོད་རོགས་སྐྱོབ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་བ།

    ཕོ་བྲང་པོ་ཏ་ལའི་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་འཇོན་ཐང་ཆེ་བའི་དམག་ཧྲག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-24

    འཛམ་གླིང་གི་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཕོ་བྲང་པོ་ཏ་ལའི་མེ་གསོད་རོགས་སྐྱོབ་རུ་ཆེན(གཤམ་དུ“རུ་ཆེན”ཞེས་བསྡུ་རྒྱུ)གྱིས་ལྟེ་བའི་ལས་འགན་ལ་གཞི་བཙུགས་ཏེ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཆེད་ལས་ཀྱི་འདེགས་སྐྱོར། དངོས་འཐབ་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ། བྱེད་ཐབས་ཁག་ལྔར་བརྟེན་ནས་མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་མེ་གསོད་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པ་དང་། འཇོན་ཐང་ཆེ་བ། དམག་རྒྱག་ཕོད་པ་དང་རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་རིག་དངོས་གནའ་བོའི་བཟོ་སྐྲུན་གྱི་མེ་གསོད་རོགས་སྐྱོབ་ཀྱི་དམག་ཧྲག་ཅིག་ནུས་ཤུགས་ཡོད་རྒུས་ཞུན་བརྡར་བྱས་ཐོག་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་ཕོ་བྲང་པོ་ཏ་ལའི་མེ་ཟོན་བདེ་འཇགས་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་པོ་བསྐྲུན་ཡོད།

    ཏང་ཨུད་ཀྱིས་སྣེ་ཁྲིད་དེ་ཁ་ཕྱོགས་སྟངས་འཛིན་དང་དམིགས་ཚད་ལ་གཞིགས་ནས་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རུ་ཆེན་ཏང་ཨུད་ཀྱིས་མཐོ་ས་ནས་བཀོད་སྒྲིག་དང་། སྤྱི་ཡོངས་ལ་གཅིག་འདོམས། ཆེད་དོན་ཞིབ་འཇུག་བརྡར་གཅོད་བཅས་མཐའ་འཁྱོངས་བྱས་ཏེ། མེ་གསོད་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་ལྟེ་བའི་ལས་སྒོའི་འདུ་འགོད་ལ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཡོད། གོང་རིམ་གྱི་ལས་དོན་བཀོད་སྒྲིག་དང་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་ཉེན་བརྡའི་བསླབ་བྱར་དམ་པོར་དམིགས་པ་དང་། ཕོ་བྲང་པོ་ཏ་ལའི་བཟོ་སྐྲུན་བཀོད་པ་དམིགས་བསལ་དང་འགོག་སྲུང་ཚད་གཞི་ཧ་ཅང་མཐོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རུ་ཆེན་གྱི《མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་དེ་བཞིན་མེ་གསོད་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བའི་ལས་དོན་གྱི་ལག་བསྟར་ཇུས་གཞི》གནད་སྨིན་བཟོས་པ་དང་། ཆེད་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ། དམིགས་ཚད་ལས་འགན་ཁ་གསལ་བཟོས་པ། འགན་འཁྲིའི་གསལ་ཐོ་ཞིབ་ཚགས་སུ་གཏོང་བ། རིམ་པ་ལྟར་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་བཅས་བྱས་ཏེ། སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་བརྟེན་ནས་འགག་སྒྲོལ་མཉམ་ཤུགས་ཆགས་པར་བྱས་ཐོག མེ་གསོད་རོགས་སྐྱོར་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་ལམ་ལུགས་ཀྱི་འདེགས་སྐྱོར་བྱས་པ་རེད།

    རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་ཆེད་ལས་ཀྱིས་མཐུན་རྐྱེན་སྦྱར་ནས་བྱང་ཚད་མཐོ་རུ་བཏང་ཡོད། རུ་ཆེན་གྱིས་འཇོན་ཐང་ཆེ་རུ་གཏོང་བའི་ལག་བསྟར་ཇུས་གཞིའི་བླང་བྱར་ལྟ་བསྡུར་ནན་པོ་བྱེད་པ་དང་། རིག་དངོས་གནའ་བོའི་བཟོ་སྐྲུན་གྱི་མེ་གསོད་རོགས་སྐྱོབ་ཀྱི་དམིགས་བསལ་ཆོས་ཉིད་དང་ཆེད་ལས་ཀྱི་དགོས་མཁོར་དམིགས་པ། བརྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་རྒྱུན་རྣམ་ངང་སློབ་སྦྱོང་བྱེད་པ། དཔོན་པོ་གཙོ་བོས་སློབ་ཁྲིད་དང་། གཅིག་སྡུད་བགྲོ་གླེང་། མི་སྒེར་གྱིས་རང་སྦྱོང་བཅས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱོད་པ། མེ་ཟོན་བཅའ་ཁྲིམས་ཁྲིམས་སྲོལ་དང་། རིག་དངོས་སྲུང་སྐྱོབ་ཀྱི་གཏན་འབེབས། གནའ་བོའི་བཟོ་སྐྲུན་གྱི་མེ་སྐྱོན་སེལ་བ་སོགས་ཀྱི་ནང་དོན་སློབ་སྦྱོང་བྱས་པ་རེད།

    དངོས་འཐབ་ལ་དམིགས་ནས་ནང་སྦྱོང་ལ་དམ་འཛིན་དང་ནང་་སྦྱོང་ལ་བརྟེན་ནས་དམག་སྦྱོང་ལ་སྐུལ་འདེད་བཏང་ཡོད། རུ་ཆེན་གྱིས་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོ་དང་། ཕོ་བྲང་དཀར་པོ། གྲྭ་ཤག ཞོལ་གྲོང་སོགས་ལྟེ་བའི་ས་ཁོངས་ལ་དམ་པོར་དམིགས་ནས་དངོས་འཐབ་ཅན་དང་། རྒྱུ་རྐྱེན་ཧྲིལ་པོ། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་སྒོ་ནས་ནང་སྦྱོང་བྱས་པ་རེད། སྒྲོག་ཙེའི་ཐོག་གི་ནང་སྦྱོང་དང་། ས་གནས་ས་ཐོག་གི་ནང་སྦྱོང་། བསྐྱར་སྦྱོང་དཔྱད་བསྡུར་སོགས་ཀྱི་རྣམ་པའི་ཐོག་ནས་བཀོད་འཐབ་པ་སྒྲིག་འཛུགས་བྱས་ཏེ་ཨར་སྐྲུན་གྱི་གྲུབ་ཆ་དང་། བདེ་འཇགས་ཐོན་སྒོ མེ་ཟོན་སྒྲིག་བཀོད། རིག་དངོས་ཁྱབ་ཚུལ་སོགས་འགག་རྩའི་ཆ་འཕྲིན་ལ་རྒྱུས་ལོན་པ་བྱས་ནས་མེ་གསོད་རོགས་སྐྱོབ་ཀྱི་ཐག་གཅོད་སྔོན་ཇུས་སྣ་ཚོགས་ལ་བབ་བསྟུན་ངང་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་རེད།

    སྦྱོང་བརྡར་ནན་པོ་བྱས་ཏེ་མདུན་ཕྱོགས་ཐག་གཅོད་ནུས་པ་ཆེ་རུ་བཏང་བ་དང་དངོས་ལྗོངས་སྦྱོང་བརྡར་བྱས་ནས་ཆེད་ལས་རྩལ་ནུས་ཆེ་རུ་བཏང་ཡོད། རུ་ཆེན་གྱིས“མེ་སྐྱོན་སྔ་ཙམ་དང་། ཆུང་ཙག ཐོན་མ་ཐག་བཅས་ནས་གསོད་པའི”དམིགས་ཚད་ལ་དམ་པོར་དམིགས་ནས་མེ་ཟོན་ས་ཚིགས་ཆུང་གྲས་ཀྱི་ཁོངས་མི་ཡོངས་ལ་ཆེད་ལས་ཅན་གྱི་གསོ་སྦྱོང་དང་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་ཏེ། འཐབ་ས་མདུན་མའི་ཐག་གཅོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། རིག་དངོས་གནའ་བོའི་བཟོ་སྐྲུན་གྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་ལྟེ་བའི་དགོས་མཁོར་དམིགས་ནས་གློག་རླངས་དང་མཆོད་མེའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་། མེ་འབར་མ་ཐག་གསོད་པ། རིག་དངོས་ཁ་འགྲེམས་སྲུང་སྐྱོབ། མེ་གསོད་ཡོ་བྱད་བཀོལ་སྤྱོད། འཕྲལ་སྡོམ་ཁ་འགྲེམས་ཁྲིད་སྟོན། མི་སྒེར་གྱི་བདེ་འཇགས་འགོག་སྲུང་སོགས་ཆེད་དོན་སློབ་ཁྲིད་གཙོ་གནད་དུ་བྱས་ཏེ་རུ་མིས་རྨང་གཞིའི་ལས་སྒོའི་རྩལ་ནུས་ཁོང་དུ་ཆུད་པའི་འགན་ལེན་བྱས་ཡོད། རྒྱུན་རྣམ་ཅན་གྱི་གསོ་སྦྱོང་དང་། དངོས་ལྗོངས་ཅན་གྱི་དངོས་སྦྱོང་། ཚད་ལྡན་ཅན་གྱི་དཔྱད་ཞིབ་བཅས་བྱས་པ་བརྒྱུད། མེ་གསོད་ས་ཚིགས་ཆུང་གྲས་ཀྱི་རུ་མིས་མགྱོགས་མྱུར་དང་ལེན་དང་། སྔོན་ལ་ཐག་གཅོད། མཐུན་སྦྱོར་དམག་འཐབ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ཕོ་བྲང་པོ་ཏ་ལའི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།