བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཁུ་ར་རྩེ་གྲོང་ཚོས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཁུ་ར་རྩེ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་ཅིང་། དང་ཐོག“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་སྤྲོ་སྣང་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་བྱིས་པ་ཚོར་དྲན་རྟེན་དངོས་རྫས་ཀྱང་སྤྲད་ནས་ལོ་ཆུང་བྱིས་པ་ཡར་རྒྱས་བརྩོན་ལེན་དང་བདེ་ཐང་འཚར་ལོངས་ཡོང་བར་ལྕག་སྐུལ་བྱས་པ་དང་། དེ་རྗེས་གྲོང་སྡོད་ལས་དོན་རུ་ཁག་གིས་མི་སེམས་དྲོ་ཞིང་དམངས་ལ་ཕན་པའི་འཚམས་འདྲི་ཡང་བྱས་ཏེ་མང་ཚོགས་ལ་འཚམས་འདྲིའི་དངོས་རྫས་སྤྲད་ཡོད། བྱེད་སྒོའི་མཇུག་ཏུ་མང་ཚོགས་ཀྱིས་རང་རྩོམ་རང་འཁྲབ་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད།
ལེ་ཚན་འཁྲབ་སྟོན་བྱེད་རིང་མི་རིགས་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ། ཤེས་དགོས་ངེས་ཀྱི་ཤེས་བྱ་བཅས་ལ་དམིགས་ནས་སྤྲོ་སྣང་ལྡན་པའི་དྲི་བ་དྲིས་ལན་བྱེད་སྒོ་སྤེལ་ཏེ་ཚང་མར་ལྷོད་ཅིང་སྤྲོ་འཕེལ་གྱི་རྣམ་པའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཉམས་སུ་མྱོང་ཐུབ་པ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།