ལྷག་ཡུལ་ཆུ་ཤུགས་གློག་ཁང་གི་རགས་ཆེན་གྱི་དུས་ཐེངས་གཉིས་པའི་ཨར་འདམ་ལུགས་བརྒྱབ་ཟིན་པ།
ཉེ་ཆར། འཛམ་གླིང་ཐོག་གི་ཨར་འདམ་འདུས་ཚད་མཐོ་ཤོས་ཀྱི་རྡོ་སྤུངས་ཆུ་རགས་གློག་ཁང་སྟེ། ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་ལྷག་ཡུལ་ཆུ་ཤུགས་གློག་ཁང་གི་རགས་ཆེན་གྱི་དུས་ཐེངས་གཉིས་པའི་ལུགས་རྒྱག་ལས་འགན་བདེ་བླག་ངང་ལེགས་གྲུབ་ཟིན་ནས་རགས་ཆེན་གྱི་ལས་གྲྭ་གཙོ་བོ་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷག་ཡུལ་ཆུ་ཤུགས་གློག་ཁང་སྤྱོད་འགོ་ཚུགས་རྗེས་ལོ་མང་རིང་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་90ཙམ་ཟིན་རྒྱུ་དང་། རྒྱལ་ཡོངས་ཀྱི་ས་མཐོའི་ཆེས་མཐོ་གནོན་ཐད་རྒྱུག་ལས་གྲྭ་ཐོག་མ་བརྒྱུད་གློག་ཧྭ་ཀྲུང་ས་ཁུལ་དུ་གཏོང་རྒྱུ་ཡིན་པས། ཁྱིམ་ཚང་ཁྲི་471གི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་རྒྱུ་མ་ཟད། ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་277གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་741ཉུང་དུ་གཏོང་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།