དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་དང་ལྷ་ས་ས་གནས་གཉིས་ཀྱི་ཞིབ་དཔྱོད་ཁང་གིས་ནག་ཆུའི་དབྱར་རྩྭ་དགུན་འབུའི་ས་ཁམས་མཚོན་རྟགས་སྲུང་སྐྱོང་གི་ས་ཁོངས་བརྒལ་བའི་རོགས་ལས་ལམ་སྲོལ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-24

    ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྷ་སར《ནག་ཆུའི་དབྱར་རྩྭ་དགུན་འབུའི་ས་ཁམས་མཚོན་རྟགས་སྲུང་སྐྱོང་གི་ས་ཁོངས་བརྒལ་བའི་ཞིབ་དཔྱོད་རོགས་ལས་ལམ་སྲོལ(ཚོད་ལྟའི་ལག་བསྟར)》ལ་མཉམ་དུ་མིང་རྟགས་བཀོད་ཅིང་། མཉམ་ལས་ལམ་སྲོལ་དེ་འཛུགས་པའི་དམིགས་ཡུལ་ནི“ཐོན་ཡུལ་གྱིས་འཁོར་རྒྱུག་ལ་དོ་དམ་བྱེད་མི་ཐུབ་པ་དང་འཁོར་རྒྱུག་གིས་འབྱུང་རྩར་དོ་དམ་བྱེད་མི་ཐུབ་པའི”ས་ཁོངས་བརྒལ་བའི་ལྟ་འདོམས་ཀྱི་དཀའ་གནད་བསལ་ནས། ཞིབ་དཔྱོད་ལས་ཁུངས་ཀྱི“ཞིབ་དཔྱོད་ཆེན་པོ་བཞིའི”མཉམ་འདྲེས་འགན་སྒྲུབ་ཀྱི་ནུས་པ་གང་ལེགས་བཏོན་ཏེ། འཁོར་འབྲེལ་ཧྲིལ་པོ་དང་གདུབ་ཟུམ་རྣམ་པའི་ཞིབ་དཔྱོད་སྲུང་སྐྱོང་གི་མ་ལག་གཏོད་ཆེད་རེད།

    ནག་ཆུའི་དབྱར་རྩྭ་དགུན་འབུ་ནི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཤིག་རེད་ལ། ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཀྱི་འབབ་ཁུངས་གལ་ཆེན་ཞིག་ཀྱང་རེད། དུས་ཡུན་རིང་པོའི་ནང་ཐོན་ཡུལ་ཁུངས་འདེད་དཀའ་བ་དང་། ས་ཁོངས་བརྒལ་བའི་ལྟ་འདོམས་ཀྱི་དཀའ་གནད་མང་བ། ས་ཁོངས་བརྒལ་བའི་དབང་གནོད་རྫུན་བཟོ་སོགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ལས་དོན་ཐད་ཀྱི་དངོས་ཡོད་ཀྱི་དཀའ་གནད་རེད། རོགས་ལས་ལམ་སྲོལ་དེ་གཞིར་བཟུང་། ཁོངས་གཏོགས་ས་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ཤིག་ཡིན་པའི་ངོས་ནས་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་འབྱུང་རྩ་སྲུང་སྐྱོང་ལ་དམིགས་ཏེ་ནག་ཆུའི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ཐོ་འགོད་སྙན་སེང་དང་། འཚོལ་བསྡུའི་ལག་ཁྱེར་དོ་དམ། ཉོ་སྒྲུབ་བྱེད་པོའི་འོས་ཐོབ་ལ་ཞིབ་མཆན་འགོད་པ། ས་ཁམས་མཚོན་རྟགས་ལ་ཚད་ལྡན་དབང་སྤྲོད། འབྱུང་རྩའི་རྟགས་སྤྲོད་ཁུངས་འདེད་མ་ལག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་ལྟ་སྐུལ་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་ནི་རང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་འདུ་འགྲེམས་ཁྲོམ་ར་གལ་ཆེན་ཞིག་ཡིན་པས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་འཁོར་རྒྱུག་ཕྱིར་འཚོང་ཁྱབ་ཁོངས་ཀྱི་དབང་གནོད་རྫུན་བཟོར་རྡུང་རྡེག་དང་ཁྲིམས་སྒྱུར་འབྲེལ་མཐུད་ལ་གཙོ་གནད་ཐོག་འགན་འཁུར་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།