མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཁྭ་ལ་ལུམ་ཕུར་དུ་འཚོགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་12ཉིན། མཛེས་སྡུག་ལྡན་པའི་མཚོ་སྔོན་དུ“ཁམས་བཟང་། ཀྲུང་གོ”ཞེས་པའི་མ་ལེ་ཞི་ཡའི་ཡུལ་སྐོར་འགྲེམས་སྟོན་སྐབས་གསུམ་པ་གཉེར་བ་རེད། 2026ལོའི་རིག་གནས་དང་ཡུལ་སྐོར་པུའི་པུའུ་དང་ཞིང་ཆེན་གྱི་མཉམ་ལས་ཚན་པ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱིས་གཙོ་མགྲོན་ཞིང་ཆེན་གྱི་མིང་ཐོག་ནས་ཁྭ་ལ་ལུམ་ཕུར་གྱི་ཝུའུ་ཅི་ཅ་ལིར་པོ་ཝུའེ་ལོའི་ཐང་ཆེན་གྱི་འགྲེམས་ཚོགས་ལྟེ་གནས་སུ“རི་ཆུ་ཐམས་ཅད་ཀྱི་འགོ་ཁུངས། མཛེས་སྡུག་ལྡན་པའི་མཚོ་སྔོན”ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་གྱི་ཚོགས་འདུ་འཚོགས་པ་རེད།
འོས་སྦྱོར་ཚོགས་འདུའི་ཐོག་གླུ་གར་འཁྲབ་སྟོན་དང་། རིག་གནས་དང་ཡུལ་སྐོར་འོས་སྦྱོར། ལྟད་མོ་བ་མཉམ་འགུལ་བཅས་ཟུང་དུ་འབྲེལ་བའི་གསར་གཏོད་ཀྱི་རྣམ་པ་སྤྱད་དེ། མི་རིགས་ཀྱི་གླུ་གར་ལེ་ཚན་15དང་སྤུས་ཚད་མཐོ་བའི་འོས་སྦྱོར་རེས་སྐོར་གསུམ་བྱས་ནས་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་། རིག་གནས་ཀྱི་ནང་དོན། ཡུལ་སྐོར་ཐོན་རྫས་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པར་ས་ཡུལ་དངོས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། མ་ལེ་ཞི་ཡའི་འགྲུལ་རྒྱུན་ཁྲོམ་རར་དམིགས་ནས་མཚོ་སྔོན་གྱིས“ཚ་གཡོལ་བྱ་ཡུལ་གནས་མཆོག བསིལ་ངད་ལྡན་པའི་མཚོ་སྔོན”ཞེས་པའི་ཚ་གཡོལ་ལུས་གསོའི་ཐོན་རྫས་གཙོ་གནད་ཐོག་ཁྱབ་བསྒྲགས་བྱས་པ་དང་། “ཉམས་ལེན་སྟབས་བདེ་བ་དང་། དུས་ཡུན་ཐུང་བ། ས་བབ་དམའ་བ། མཛའ་གྲོགས་ལ་སྐུལ་འདེད་གཏོང་བ”བཅས་འདུ་ཤེས་སུ་བྱས་པར་སྐྱེ་ཁམས་འཚོལ་ཞིབ་དང་། དར་གོས་ལམ་བུའི་རིག་གནས། དམངས་སྲོལ་ཉམས་ལེན་སོགས་བརྗོད་དོན་གཙོ་བོའི་ནང་དོན་ཚུད་ཡོད།
འགྲེམས་ཚོགས་འཚོག་རིང“རི་ཆུ་ཐམས་ཅད་ཀྱི་འགོ་ཁུངས། མཛེས་སྡུག་ལྡན་པའི་མཚོ་སྔོན”ཞེས་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་པར་རིས་འགྲེམས་སྟོན(འགྲེམས་སྟོན་ཟླ་7ཚེས་12ཉིན་བར་བྱ་རྒྱུ་ཡིན་པ)དང་དེ་བཞིན་ས་ཡུལ་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་མཉམ་དུ་བྱ་རྒྱུ་རེད། མཚོ་སྔོན་གྱི་འཐུས་མི་ཚོགས་པས་མ་ཀྲུང་དམངས་སྲོལ་རིག་གནས་ཡུལ་སྐོར་སྤྱི་ཁྱབ་ཚོང་ཚོགས་སོགས་ས་གནས་དེ་གའི་སྒྲིག་གཞི་དང་གྲོས་མོལ་གཏིང་ཟབ་བྱ་རྒྱུ་མ་ཟད། མ་ལེ་ཞི་ཡའི་སྣེ་འདྲེན་ཡུལ་སྐོར་ཁེ་ལས་མང་པོ་དང་མཉམ་ལས་ཀྱི་འདོད་འདུན་འཇོག་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་ལམ་ཐིག་དེ་མ་ལེ་ཞི་ཡའི་རྒྱལ་སྒྲོལ་ཐོན་རྫས་མ་ལག་ནང་བཅུག་སྟེ། ཁྭ་ལ་ལུམ་ཕུར་ནས་ཟི་ལིང་བར་གྱི་ཐད་གཏོང་གནམ་གྲུ་གཙང་གླས་ལས་དོན་ལ་ངོ་བོའི་རང་བཞིན་གྱི་སྐུལ་མ་ཐེབས་པར་བྱ་རྒྱུ་རེད།
ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུས་འགྲེམས་སྟོན་དེ་སྨྱན་བྱེད་དང་རིག་གནས་དེ་སྦྲེལ་ཟམ་དུ་བྱས་ཏེ། ཀྲུང་གོ་དང་མ་ལེ་ཞི་ཡའི་རིག་གནས་ཡུལ་སྐོར་སྤེལ་རེས་དང་འགྲུལ་པ་སྐྱེལ་རེས་སྔར་བས་ཟབ་ཏུ་བཏང་ནས་མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་པར་རམ་འདེགས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།