དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་སྔོན་ཐོན་དཔེ་མཚོན་6རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི“100བྱས་པ་བཞི”ཡི་མིང་ཐོར་ཚུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་14ཉིན། 2025ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི“100བྱས་པ་བཞི”(དང་བླངས་པ་ཡག་ཤོས་100དང་། དང་བླངས་ཞབས་ཞུའི་རྩ་འཛུགས་ཡག་ཤོས་100 དང་བླངས་ཞབས་ཞུའི་རྣམ་གྲངས་ཡག་ཤོས་100 དང་བླངས་ཞབས་ཞུའི་སྡེ་ཁུལ་ཡག་ཤོས་100)ཡི་ཕུལ་བྱུང་དཔེ་མཚོན་གྱི་ཡོངས་བསྒྲགས་མཛད་སྒོ་དང་ས་ཡུལ་དངོས་ཀྱི་སྤེལ་རེས་བྱེད་སྒོ་ཧྲའན་ཤིས་ཤིས་ཨན་དུ་འཚོགས་པ་རེད། བྱེད་སྒོར་2025ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི“100བྱས་པ་བཞི”ཡི་ཕུལ་བྱུང་དཔེ་མཚོན་གྱི་མིང་ཐོ་གཅིག་སྡུད་ཡོངས་བསྒྲགས་བྱས་པར་མཚོ་སྔོན་གྱི་ཕུལ་བྱུང་དཔེ་མཚོན་6ཚུད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་དང་བླངས་པའི་ཕུལ་བྱུང་དཔེ་མཚོན་ཡིན་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་ལ་ཟེ་བ་ཆུ་མཛོད་ཁུལ་བཀོད་སྒྲིག་བྱ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་རྒྱལ་གྱིས་མི་རིགས་མང་པོའི་དང་བླངས་ཞབས་ཞུའི་ཚོགས་པ་བཙུགས་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ནང་མང་ཚོགས་ཞུགས་པར་སྐུལ་ཁྲིད་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ལ་མཚོ་སྔོན་གྱི་དམངས་ཁྲོད་སྟོབས་ཤུགས་ཞུགས་པའི་ཚད་ཤིང་གསོན་པོ་ཞིག་བཙུགས་ཡོད། མཚོ་སྔོན་ཞིང་ཆེན་ཉིང་རྡུལ་བཟོ་ལས་གཞོན་ནུའི་དང་བླངས་ཞབས་ཞུའི་རུ་ཁག་དང་། མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་སྐྱེ་ཁམས་སྲུང་སྐྱོང་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རིག་རྩལ་དང་བླངས་པའི་མཐུན་ཚོགས་བཅས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ས་མཐོའི་ཁྱད་ཆོས་ལ་གཏིང་ཟབ་གཞོལ་བ་དང་། ལས་རིགས་ཀྱི་དགེ་མཚན་ལ་གཞི་ཚུགས་པ། ཚན་རིག་ཁྱབ་གདལ་གྱི་རོགས་སྐྱོབ་དང་། སྐྱེ་ཁམས་སྲུང་སྐྱོང་། རིག་གནས་དམངས་ཕན་བཅས་ལ་དམིགས་ཏེ་དང་བླངས་ཞབས་ཞུའི་འཐབ་ས་བསྐྲུན་པ་དང་། ཆེད་ལས་ཅན་དང་། རྒྱུན་རྣམ་ཅན། ཁྱད་ལྡན་ཅན་བཅས་ཀྱི་དང་བླངས་ཞབས་ཞུར་བརྟེན་ནས་དུས་རབས་གསར་པའི་དང་བླངས་སྙིང་སྟོབས་གསོན་ཉམས་དོད་པོས་གསལ་འགྲེལ་བརྒྱབ་པས། ད་ཐེངས་རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱི་ཕུལ་བྱུང་དཔེ་མཚོན་གྲས་སུ་ཚུད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།