དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་སྐབས་དོན་ཚགས་པར་གྱི“རྒྱལ་ཕྱིའི་ཀྲུང་གོའི་གཟའ་འཁོར”པི་སི་ཁེག་ཏུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འཛམ་གླིང་སྐབས་དོན་ཚགས་པར་གྱི་གསར་འགོད་པ། ལིའུ་དབྱང་། ཞ་ཝུན་ཤིན། ཤུའེ་ཁོ།   |     སྤེལ་དུས།  2026-06-23

    ཉིན་ཤས་གོང་། “རི་ཆུ་གཅིག་ལ་གཅིག་བརྟེན་དང་དམངས་སེམས་གཅིག་མཐུན། ཀྲུང་ཁེར་ལག་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས”ཞེས་པའི་པར་རིས་འགྲེམས་སྟོན་དང་འཛམ་གླིང་སྐབས་དོན་ཚགས་པར་གྱི“རྒྱལ་ཕྱིའི་ཀྲུང་གོའི་གཟའ་འཁོར”གྱི་ཁེར་གྷི་སི་ཐན་ས་ཚིགས་ཀྱི་བྱེད་སྒོ་པི་སི་ཁེག་ཏུ་གཉེར་བ་དང་། 2026ལོའི་ཀྲུང་ཁེར་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ལ་ཞུགས་མཁན་སྨྱན་སྦྱོར་གྱི་འཐུས་མི་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ལས་རིགས་ཀྱི་མི་སྣ་སོགས་ཞུགས་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་ཨུ་རུ་སུ་ཡི་གེའི་དཔར་མ་འགྲེམས་སྟོན་བྱས་པ་དང་། འཛམ་གླིང་སྐབས་དོན་ཚགས་པར་ཐོག་བཏོན་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ལྟ་ཀློག་ཁྲིད་སྟོན་གྱི་མུ་འབྲེལ་གསར་འགྱུར་གྱི་པར་ངོས་དང་དེ་བཞིན་གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར་ཐོག་བཏོན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱིས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྒྱུད་ལམ་སྣེ་མང་གི་འཕྲིན་སྤེལ་ཐོན་རྫས་འགྲེམས་སྟོན་བྱས་པ་རེད།

    “རི་ཆུ་གཅིག་ལ་གཅིག་བརྟེན་དང་དམངས་སེམས་གཅིག་མཐུན། ཀྲུང་ཁེར་ལག་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས”ཞེས་པའི་པར་རིས་འགྲེམས་སྟོན་གྱིས“བདེ་སྡུག་མཉམ་ཁུར་དང་། འཕེལ་རྒྱས་མཉམ་འདྲེས། ལྗང་མདོག་མཐུན་སྦྱོར། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ”བཅས་ཕྱོགས་བཞིར་དམིགས་ནས། ཀྲུང་གོས་ཁེར་གྷི་སི་ཐན་ཚུད་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པའི་རྐང་རྗེས་བརྟན་པོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    《ཁེར་གྷི་སི་ཐན་གྱི་གཏམ་བརྗོད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡེ་ལན་ནཱ·རུའོ་ལུའོ་པོ་ཝ་ཡིས་གསར་འགོད་པར། མིག་སྔར་གྲངས་འཛིན་ཅན་གྱི་རླབས་རྒྱུན་སྨྱན་སྦྱོར་ལས་རིགས་སུ་ཁྱབ་ནས་ནང་དོན་དང་མཐོང་ཚོར་ལ་སྤྱི་འདོམས་བྱ་རྒྱུ་དེ་སྲོལ་རྒྱུན་སྨྱན་སྦྱོར་མང་པོར་འཕྲད་པའི་འགྲན་སློང་ཞིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་ལ་ལྟ་རོལ་རང་བཞིན་དང་བསམ་བློའི་རང་བཞིན་གཉིས་ཀ་ལྡན་པ་དང་། ཆ་འཕྲིན་གསེད་བཀྲོལ་དང་མཐོང་ཚོར་ཐད་ཆེད་ལས་ཀྱི་ཆུ་ཚད་མངོན་ཡོད། འཛམ་གླིང་སྐབས་དོན་ཚགས་པར་ཁང་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་གོ་སྐབས་ལ་བརྟེན་ནས་ཁེར་ཀྲུང་གི་སྨྱན་སྦྱོར་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ད་དུང་རིག་གནས་བསམ་བཀོད་ཐོན་རྫས་མང་པོར་མྱོང་རོལ་བྱེད་པའི་གོ་སྐབས་བསྐྲུན་ཡོད། དེའི་ནང་ལེང་ལེང་མཐོང་རྒྱ་ARཡིག་སྒྱུར་མིག་ཤེལ་ལ་ལྟ་སྐོར་བ་མི་ཉུང་བ་ཞིག་ཡིད་དབང་བཀུག་ནས་ཚོད་ལྟ་བྱེད་པར་ཡོང་ཡོད། ལྟ་སྐོར་བས་རིག་ནུས་ཚན་རྩལ་གྱིས་ཁེར་ཀྲུང་གི་མི་ཆོས་རིག་གནས་སྤེལ་རེས་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། སྨྱན་སྦྱོར་གླེང་མོལ་བཅས་ལ་སྔར་བས་རམ་འདེགས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    “རྒྱལ་ཕྱིའི་ཀྲུང་གོའི་གཟའ་འཁོར”ནི་འཛམ་གླིང་སྐབས་དོན་ཚགས་པར་གྱིས་ཀྲུང་གོའི་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་བསམ་བློ་དྲིལ་བསྒྲགས་ངོ་སྤྲོད་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན། ཀྲུང་ཕྱིའི་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་ཀྱི་སྤུས་རྟགས་བྱེད་སྒོ་གལ་ཆེན་ཞིག་རེད། དེ་གོང་ལྷོ་ཨ་ཧྥེ་རི་ཁ་དང་། ཧན་གོ པར་ཙིར། ཨ་ཀེན་ཐིན། འཇར་མན། ཧ་སག་སི་ཐན་སོགས་རྒྱལ་ཁབ་ཏུ་སྔ་རྗེས་སུ་གཉེར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།