དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཤེས་དཔལ་གླེང་མོལ་རྒྱལ་སྤྱིའི་ཉིན་མོའི”རྟེན་འབྲེལ་བྱེད་སྒོ་ཆི་ལི་རུ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-06-23

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སན་ཐེ་ཡ་ཀོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། 2026ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཤེས་དཔལ་གླེང་མོལ་རྒྱལ་སྤྱིའི་ཉིན་མོའི”རྟེན་འབྲེལ་བྱེད་སྒོ་དང་། སན་ཐེ་ཡ་ཀོ་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་སྒོ་བྱང་ཕྱེ་བའི་མཛད་སྒོ། “རྣམ་པར་བཀྲ་བའི་ཀུའེ་ཀྲོའུ། གོ་ལ་ཅན་གྱི་མཐོང་རྒྱ”ཡི་རིག་གནས་སྤེལ་རེས་འཁྲབ་སྟོན་བཅས་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོ་རུ་གཉེར་བ་རེད།

    གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆའི་སྙན་དབྱངས་དང་འགྲོགས་ཏེ་ཀུའེ་ཀྲོའུ་མི་རིགས་ཀྱི་རྒྱན་གོས་སྤྲས་པའི་འཁྲབ་སྟོན་པ་ཚོས《མགྲོན་བསུའི་ཆང་གཞས》བཏང་བ་དང་། འཁྲབ་སྟོན་ཡང་དངོས་སུ་འགོ་ཚུགས་པ་རེད། འཁྲབ་སྟོན་དེ་ཉིད“གནའ་སྔ་མོའི་བྲག་ཅ”དང་། “ཀུའེ་ཀྲོའུ་ཡི་ཉམས་འགྱུར” “སྣ་མང་རིག་གནས་མཉམ་སྒྲོག”བཅས་ལེའུ་གསུམ་དུ་དབྱེ་ཡོད་པ་དང་། གླུ་གཞས་དང་ཟློས་གར་གཞི་རྟེན་དུ་བྱས་ཏེ། ཀུའེ་ཀྲོའུ་ཡི་གྲངས་ཉུང་མི་རིགས་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་གཏིང་ཤུགས་དང་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། ཀུའེ་ཀྲོའུ་ཞིང་ཆེན་གླུ་གར་ཁང་གི་འཁྲབ་སྟོན་པས་ལྟད་མོ་བ་ཚོར་ཏུང་རིགས་ཀྱི་གླུ་གར《རི་སྔོན་ཆུ་དྭངས》དང་། སྲོལ་རྒྱུན་རོལ་ཆ་ཤིང་ལོ་དང་ལུའུ་ཧྲེང་གླིང་བུ་སོགས་ཀྱི་འཁྲབ་ཚན་འཁྲབ་པ་དང་དེ་གར་ཐལ་མོའི་རྡེབ་སྒྲས་ཁེངས། དེ་མིན། ཀུའེ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་གྱི་རིག་གནས་བསམ་བཀོད་འགྲེམས་སྟེགས་ཀྱིས་ཀྱང་མི་མང་པོའི་ཡིད་དབང་བཀུག་ཡོད། ཆི་ལི་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཉིའུ་ཆིང་པའོ་ཡིས་བྱེད་སྒོའི་ཤིས་ཚིག་སྒྲོན་སྐབས། དེ་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་འཛིན་པ་དང་། སན་ཐེ་ཡ་ཀོ་ཀྲུང་གོའི་རིག་གནས་ལྟེ་གནས་དེ་འགོ་འཛུགས་ས་གསར་པར་བྱས་ནས། ཆི་ལི་ཕྱོགས་དང་ལག་གདང་སྦྲེལ་ཏེ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་རྒྱ་ཁྱབ་དང་ཐད་ཀར་ཕན་པ་འདོགས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།