ཀྲུང་གོ་དང་ཡོ་རོབ(ཧྥ་རན་སེ)ཀྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གླེང་སྟེགས་སྐབས་དྲུག་པ་ཕ་རི་སིར་གཉེར་བ།
ཉེ་ཆར། ཀྲུང་གོ་དང་ཡོ་རོབ(ཧྥ་རན་སེ)ཀྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གླེང་སྟེགས་སྐབས་དྲུག་པ་ཕ་རི་སིར་འཚོགས་ཤིང་། ཀྲུང་གོ་དང་ཡོ་རོབ་ནས་ཡོང་བའི་སྲིད་གཞུང་གི་འཐུས་མི་དང་། ལས་རིགས་ཀྱི་རིགས་གཅིག་མཁས་ཅན། ལས་སྟེགས་ཁེ་ལས། སྤུས་རྟགས་ཚོང་པ་བཅས་དང་། དེ་བཞིན་ཞབས་ཞུའི་སྒྲིག་གཞི་བཅས་ཀྱིས་སྤུས་རྟགས་ཕྱིར་གཏོང་དང་། མི་ཐབས་རིག་ནུས། ཟོག་འགྲུལ་མཁོ་སྤྲོད་འཁོར་འབྲེལ་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཏེ། གྲངས་འཛིན་ཚོང་དོན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་གསར་གཏོད་གོ་སྐབས་ལ་ཐུན་མོང་ཐོག་བགྲོ་གླེང་བྱས་པ་རེད།
གླེང་སྟེགས་ལ་བཞེད་དོན་གཙོ་བོའི་གཏམ་བཤད་དང་། ཆེད་དོན་བགྲོ་གླེང་། ཁེ་ལས་ཀྱི་འོས་སྦྱོར། སྤུས་རྟགས་འགྲེམས་ཁུལ། གན་འཇོག་སྦྲེལ་མཐུད་སོགས་ལྷུ་ཚིགས་མང་པོ་བཀོད་སྒྲིག་བྱས་ཡོད་ཅིང་། ཚོགས་ཞུགས་ཁེ་ལས་དེ་དག་གྲགས་ཅན་གྱི་སྤུས་རྟགས་ཚོང་པ་དང་། སིལ་ཚོང་དྲ་ཐོག་ཚོང་དོན་ལས་སྟེགས། B2B(ཁེ་ལས་དང་ཁེ་ལས་འབྲེལ་མཐུད)ཚོང་དོན་ཁེ་ལས། སྦྲག་སྲིད་དང་རྒྱལ་སྤྱིའི་ཟོག་འགྲུལ་ཞབས་ཞུའི་ཚོང་པ། རྒྱལ་སྒྲོལ་གཏོང་སྤྲོད་སྒྲིག་གཞི། མ་འཇོག་དང་མ་རྩ་བསྡུ་སྒྲིལ་སྒྲིག་གཞི། དྲ་ཐོག་ཚོང་དོན་ཚན་རྩལ་གསར་གཏོད་ཁེ་ལས་སོགས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་ཁྱབ་ཡོད། བྱེད་སྒོ་སྤེལ་རིང་། ད་དུང“ཤེས་དཔལ་གླེང་མོལ་ཏེ། རིག་གནས་ཤུལ་བཞག་ནས་ཐོན་ལས་གླེང་བ། ཧང་ཀྲོའུ་འོས་སྦྱོར་འདུ་ཚོགས”ཀྱི་ཡན་ལག་གླེང་སྟེགས་གཉེར་བ་རེད།
འབྲེལ་ཡོད་གསར་འགྱུར།