དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བརྒྱད་ཀྱིས་ཇུས་གཞི་བཀྲམ་ནས་གྲོང་ཁྱེར་འཁོར་རྒྱའི་གྲོང་སྦྲེལ་བདེ་བགྲོད་ལས་ཕྱོད་ཆེ་རུ་གཏོང་བ།

    གྲོང་སྦྲེལ་གྱི་ཕྱོགས་བསྡུས་བདེ་བགྲོད་ལམ་བུ་གཏོད་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-23

     ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག《གྲོང་ཁྱེར་འཁོར་རྒྱའི་གྲོང་སྦྲེལ་བདེ་བགྲོད་ལས་ཕྱོད་ཆེར་གཏོང་ལས་གྲྭའི་ལག་བསྟར་ཇུས་གཞི(2026ལོ་ནས་2030ལོ་བར)》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)ཡི་ནང་། ལོ་3གྱི་དུས་ཚོད་སྤྱད་དེ་གྲོང་ཁྱེར་འཁོར་རྒྱ་གཙོ་བོའི་ནང་ཁུལ་དུ་ཆུ་ཚོད་གཅིག་ནང་བདེ་བགྲོད་ཐུབ་པའི་མི་འབོར་ཁྱབ་ཚད་73%ཡས་མས་ཟིན་པ་དང་། 2030ལོར་སླེབས་སྐབས་བསྡུར་ཚད་འདི་75%ཟིན་པ་བྱས་ནས་གྲོང་ཁོངས་གཅིག་པའི་བདེ་བགྲོད་ཞབས་ཞུའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་འགྲོ་བའི་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།

    《ཇུས་གཞི》ཡི་ནང་བཏོན་པར། གྲོང་ཁྱེར་འཁོར་རྒྱའི་གྲོང་སྦྲེལ་ཕྱོགས་བསྡུས་བདེ་བགྲོད་ལམ་བུ་གཏོད་རྒྱུ་སྟེ། ད་ཡོད་གྲོང་ཁོངས(གྲོང་འདབས)ཀྱི་ལྕགས་ལམ་དང་། གྲོང་སྦྲེལ་ལྕགས་ལམ། ལྕགས་ལམ་ཨ་མ་སོགས་ལྕགས་ལམ་འགྲིམ་འགྲུལ་གྱི་སྒྲིག་བཀོད་སྤྱད་དེ་བདེ་བགྲོད་ཞབས་འདེགས་ཞུ་བ་དང་། ལྕགས་ལམ་མི་འདྲ་བའི་འགྲིམ་འགྲུལ་མཉམ་འདྲེས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། མྱུར་ལམ་གྱི་མ་ལམ་དང་ཡན་ལག་ལམ་བུ་འབྲེལ་མཐུད་ཀྱི་ཞན་ཆ་སེལ་བ་བཅས་བྱས་ཏེ། ལྕགས་ལམ་འགྲིམ་འགྲུལ་གཙོ་བོར་བྱེད་པ་དང་མྱུར་ལམ་རྨང་གཞིར་བྱེད་པའི་བདེ་བགྲོད་རྣམ་པ་གཏོད་རྒྱུ་ཡིན། རྨང་གཞིའི་བདེ་བགྲོད་ལམ་བུའི་ཐད། མྱུར་བགྲོད་སྤྱི་སྤྱོད་རླངས་འཁོར་དང་། མངག་བཀོད་སྤྱི་སྤྱོད་རླངས་འཁོར། མངག་བཀོད་འགྲུལ་སྐྱེལ་རླངས་འཁོར། བདེ་བགྲོད་གཙང་གླས་འཁོར་རིགས་སོགས་ཀྱི་ཞབས་འདེགས་ཞུ་སྟངས་འཕེལ་རྒྱས་གཏོང་བ་དང་མཐའ་འབྲེལ་གྲོང་ཁྱེར་དབར་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་བཏོད་དེ། གཞུང་ལམ་ཨ་མ་དང་གྲོང་ཁྱེར་གྱི་འགྲོ་ལམ་གཙོ་བོས་གཙོས་པའི་སྣ་མང་ཅན་གྱི་བདེ་བགྲོད་ཞབས་ཞུ་མཉམ་དུ་འཕེལ་རྒྱས་འགྲོ་བའི་བདེ་བགྲོད་རྣམ་པ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།