《ཕྲུ་གུར་འཚམ་པའི་སྤྱི་པའི་སྒྲིག་བཀོད་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ཕྱོགས་སྟོན》ཟླ་12པར་ལག་བསྟར་བྱ་རྒྱུ་ཡིན་པ།
གྲོང་ཁྱེར་གྱི་སྤྱི་པའི་བར་མཐོངས་བྱིས་འཕྲོད་ཅན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཀྱིས《ཕྲུ་གུར་འཚམ་པའི་སྤྱི་པའི་སྒྲིག་བཀོད་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ཕྱོགས་སྟོན》གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཡོངས་བསྒྲགས་བྱས་ཤིང་། 2026ལོའི་ཟླ་12ཚེས་1ཉིན་ནས་ལག་ལེན་བསྟར་ཏེ་གྲོང་ཁྱེར་གྱི་བར་མཐོངས་བྱིས་འཕྲོད་ཅན་གྱི་སྤུས་ཚད་མཐོ་རུ་དང་སྤྱི་པའི་ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ་དེ་རྩ་བའི་ཕྱོགས་སྟོན་དུ་བཟུང་ནས་ས་ཁོངས་ཡོངས་ལ་ཁྱབ་པ་དང་། རིམ་པ་བཞིན་སྦྲེལ་མཐུད། འཁོར་རྒྱུག་བདེ་བླག་བཅས་ཀྱི་ཕྲུ་གུར་འཚམ་པའི་སྤྱི་པའི་སྒྲིག་བཀོད་ཞབས་ཞུའི་མ་ལག་ཅིག་བརྒྱུད་རིམ་ལྡན་པའི་ངང་གཏོད་རྒྱུ་རེད།
ཕྱོགས་སྟོན་ནང་བདེ་ཐང་དང་། སློབ་གསོ། བུ་བཅོལ། ཕན་བདེ། ལུས་རྩལ་རོལ་རྩེད། རིག་གནས། བཅའ་ཁྲིམས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མ་ལག་དེ་ཞབས་ཞུའི་མ་ལག་ནང་བཅུག་ནས་ཕྲུ་གུའི་འཚར་ལོངས་ཀྱི་རྣམ་པ་སྣ་ཚོགས་པའི་ཞབས་ཞུ་ཁྱབ་པར་བྱ་རྒྱུ་རེད། གྲོང་ཁྱེར་དང་། ཁྲོམ་གཞུང་། སྡེ་ཁུལ་བཅས་རིམ་གསུམ་བར་མཐོངས་བཅོས་སྐྱོང་མ་ལག་ལ་གཞིགས་ནས་རིམ་པ་མི་འདྲ་བའི་སྤྱི་པའི་སྒྲིག་བཀོད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་སྟེ། དཔེར་ན། ཕན་བདེའི་ཞབས་ཞུའི་ཐད། གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་ན་སོ་དར་ལ་མ་འབབ་པའི་མི་སྣའི་རོགས་སྐྱོབ་སྲུང་སྐྱོང་ལྟེ་གནས་དང་། བྱིས་པའི་ཕན་བདེའི་སྒྲིག་གཞི། དབང་སྐྱོན་བྱིས་པའི་ཆེད་ལས་ཀྱི་དྲག་སྐྱེད་སྒྲིག་གཞི་སོགས་ཕན་བདེའི་སྒྲིག་བཀོད་ཆེ་གྲས་ལ་བརྟེན་ནས་སྨན་བཅོས་དང་སློབ་གསོའི་ཐོན་ཁུངས་དང་སྦྲེལ་མཐུད་ཀྱིས་ས་ཁོངས་བརྒལ་ནས་རོགས་སྐྱོབ་མཉམ་འགུལ་ཞབས་འདེགས་ཞུ་ཆོག་པ་དང་། ཁྲོམ་གཞུང་གིས་ཁྲོམ་གཞུང་གི་ན་སོ་དར་ལ་མ་འབབ་པའི་མི་སྣའི་སྲུང་སྐྱོང་ལས་དོན་ས་ཚིགས་སོགས་ལ་བརྟེན་ནས་ན་སོ་དར་ལ་མ་འབབ་པའི་མི་སྣ་སྲུང་སྐྱོང་སོགས་ཀྱི་ཞབས་འདེགས་ཞུ་ཆོག་པ། སྡེ་ཁུལ་གྱིས་སྡེ་ཁུལ་གྱི་བྱིས་པའི་ཁྱིམ་གཞིས་སོགས་ལ་བརྟེན་ནས་ཕ་མ་བུ་ཕྲུག་གི་བྱེད་སྒོ་སྒྲིག་འཛུགས་སོགས་ཀྱི་ཞབས་འདེགས་ཞུ་ཆོག་གི་ཡོད།
ན་ཚོད་མི་འདྲ་བ་དང་བྱིས་པའི་ཚོགས་སྤྱི་མི་འདྲ་བའི་ཁྱད་པར་ཅན་གྱི་དགོས་མཁོར་དམིགས་ནས། ཕྱོགས་སྟོན་ནང་ཆེད་མངགས་མཛུབ་ཁྲིད་བཟོས་ཏེ་ཚོགས་སྤྱི་མི་འདྲ་བའི་བྱིས་པའི་རང་སོའི་ཁྱད་ཆོས་ལྡན་པའི་དགོས་མཁོར་ཁྱབ་པར་བྱ་རྒྱུ་ཡིན་པ་སྟེ། དཔེར་ན། རོལ་རྩེད་སྒྲིག་ཆས་ལ་ན་ཚོད་ཀྱི་དབྱེ་བ་ཡོད་པའི་ཇུས་འགོད་བྱས་ནས་ལོ་6མན་གྱི་ཕྲུ་གུར་ས་ངོས་འབོལ་པོ་དང་། མཐའ་ཟུར་རྣོ་པོ་མེད་པ། བྱེ་གཞོང་སོགས་བཟོ་བ་དང་། ལོ་6ནས་15བར་གྱི་ཕྲུ་གུར་འཛེག་སྒྲོམ་སོགས་ཚོགས་པའི་རོགས་ལས་རྣམ་པའི་སྒྲིག་ཆས་བསྒར་བ། ལོ་3མན་གྱི་བུ་བཅོལ་གནད་དོན་ལ་དམིགས་ནས་སྡེ་ཁུལ་གྱི་བསྒར་བརྒྱན་རྣམ་པའི་བུ་བཅོལ་དང་ཁྱིམ་ཚང་གི་བུ་བཅོལ་ས་ཚིགས་ཁྱབ་གསལ་བཏང་སྟེ། ཆུ་ཚོད་གཞིར་བཟུང་བཅོལ་བ་དང་ཉིན་ཕྱེད་བཅོལ་བ་སོགས་གང་ལ་དེ་འཚམ་གྱི་རྣམ་པ་བཟོ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།