དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་འཁོར་རྒྱུག་བརྟན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-23

    ཚེས་21ཉིན། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་འཁོར་རྒྱུག་བརྟན་པོ་བྱུང་ནས་འཚོ་བའི་མཁོ་ཆས་འདང་ངེས་དང་རིན་གོང་བརྟན་པོ་ཡོད།

    ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེ་མོ་ལས་མངོན་པར། ཟླ་6ཚེས་20ཉིན་བར། 2026ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེས་པ་ལས་མི་ཐེངས་དུང་ཕྱུར་1.36ལ་ཕན་པ་ཐོབ་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་ཡོད། དེའི་ནང་རླངས་འཁོར་རྙིང་པ་གསར་པར་བརྗེ་བ་ཁྲི་342.8ཟིན་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་5552.4ཟིན་ཡོད། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་། གྲངས་འཛིན་དང་རིག་ནུས་ཉོ་སྒྲུབ་ཀྱི་ཐོན་རྫས་གསར་པ་ཁྲི་13289.5ཕྱིར་ཚོང་བྱས་ནས་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་4516.3ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།