2026ལོའི་ཀྲུང་གོའི“ངོ་མཚར”འགྲན་སློང་འགྲན་བསྡུར་ལྷོ་ཁའི་ས་ཚིགས་ཀྱི་འགྲན་བསྡུར་མཇུག་འགྲིལ་བ།

ཉེ་ཆར། 2026ལོའི་ཀྲུང་གོའི“ངོ་མཚར”འགྲན་སློང་འགྲན་བསྡུར(བོད་ལྗོངས་ལྷོ་ཁའི་ས་ཚིགས་ཀྱི་འགྲན་བསྡུར)གྲ་ནང་རྫོང་དུ་མཇུག་འགྲིལ་ཞིང་། ཕྱི་རོལ་ལུས་རྩལ་གྱི་དགའ་མོས་པ་200ཙམ་གྱིས་ས་བབ་མཐོ་བའི་འགྲན་ལམ་དུ་འགྲན་བསྡུར་འཁྲུག་པོ་བྱས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཆུ་སྟེང་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོ་འགྲོན་གྲུ་མཐུན་ཚོགས། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་དང་གྲ་ནང་རྫོང་གི་སྡེ་ཚན་མང་པོས་མཉམ་དུ་གཉེར་འགན་འཁུར་བ་དང་། རྐང་འཁོར་དང་། འགྲོན་གྲུ རྒྱུག་ཤར་བཅས་ཕྱོགས་བསྡུས་འགྲན་བསྡུར་གྱི་རྣམ་པ་སོར་འཇོག་བྱས་པའི་རྨང་གཞིའི་ཐོག འགྲན་ལམ་གྱི་ལམ་ཚད་ལེགས་གཏོང་རིམ་སྤོར་བྱས་ནས་སྤྱི་ལེ་8ཡོད་པའི་མི་སྒེར་གྱི་འགྲོན་གྲུའི་ཆེད་མངགས་འགྲན་བསྡུར་ཡང་ཁ་སྣོན་བརྒྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།