《སིམ་པ་དང་མཉམ་འདྲེས་ཏེ། བོད་ལྗོངས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་འབྲེལ་འདྲིས། མཉམ་འདྲེས་སྐོར་གྱི་གཏམ་རྒྱུད》ཅེས་པའི་རྒྱ་བོད་སྐད་གཉིས་པར་གཞིའི་དེབ་གསར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ཉེ་ཆར། 《སིམ་པ་དང་མཉམ་འདྲེས་ཏེ། བོད་ལྗོངས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་འབྲེལ་འདྲིས། མཉམ་འདྲེས་སྐོར་གྱི་གཏམ་རྒྱུད》ཅེས་པའི་རྒྱ་བོད་སྐད་གཉིས་པར་གཞིའི་དེབ་གསར་ཡོངས་བསྒྲགས་ཚོགས་འདུ་དང་བོད་ཀྱི་མི་རིགས་ཁག་གི“འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི”བགྲོ་གླེང་ཚོགས་འདུ་ཀྲུང་གོ་མི་དམངས་སློབ་ཆེན་དུ་འཚོགས་ཤིང་། རྒྱལ་ནང་གི་ཚན་རིག་ཞིབ་འཇུག་ཁང་དང་། མཐོ་སློབ། དཔེ་སྐྲུན་ལས་རིགས། གཙོ་རྒྱུན་སྨྱན་སྦྱོར་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ལྷན་དུ་འཛོམས་ནས་བོད་ཀྱི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཞིབ་བརྗོད་དང་དུས་རབས་ཀྱི་རིན་ཐང་སྐོར་ལ་བགྲོ་གླེང་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《སིམ་པ་དང་མཉམ་འདྲེས་ཏེ། བོད་ལྗོངས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་འབྲེལ་འདྲིས། མཉམ་འདྲེས་སྐོར་གྱི་གཏམ་རྒྱུད》ཅེས་པའི་རྒྱ་བོད་སྐད་གཉིས་པར་གཞིའི་དཔེ་ཚོགས་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་པར་སྐྲུན་དངོས་པོའི་འཆར་འགོད་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་པར་སྐྲུན་མ་དངུལ་གྱི་རོགས་དངུལ་རྣམ་གྲངས་ཡིན་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཇུས་འགོད་བྱས་ཤིང་། ཀྲུང་གོ་མི་དམངས་སློབ་ཆེན་གནའ་བོའི་རིག་གནས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཧོང་ཝེ་ཀྲུང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཟུར་པ་ཤེས་རབ་ཉི་མས་གཙོ་སྒྲིག་པའི་འགན་ཁུར་བ་དང་། གནའ་རབས་དང་། ཉེ་རབས། དེང་རབས་བཅས་བམ་པོ་གསུམ་དུ་དབྱེ་ཡོད།
དེའི་ནང་། རྒྱ་ཡིག་པར་གཞིའི་དཔེ་ཚོགས་ནི་2022ལོར་དངོས་སུ་དཔེ་སྐྲུན་བྱས་པ་མ་ཟད། “སི་ཁྲོན་གྱི་དཔེ་དེབ་ཡག་པོ”ཞེས་པའི་མཚན་སྙན་ཡང་ཐོབ་པ་རེད། 2026ལོར་རྒྱ་བོད་སྐད་གཉིས་པར་གཞི་གསར་པ་བཏོན་ཏེ་སྐད་ཡིག་གཉིས་ཀྱི་ལམ་ནས་མཉམ་དུ་ཁྱབ་སྤེལ་ཐུབ་པས་ཀློག་དེབ་ཀྱི་ཁྱབ་སྤེལ་གྱི་ཁྱབ་ཁོངས་ཇེ་ཆེ་དང་ལྟ་མཁན་ཇེ་མང་དུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།