ལྷོ་ཁར་ཀྲུང་གོའི་སྦྲང་རྩིའི་ཐོན་རྫས་ལས་རིགས་ཀྱི་ཚོགས་ཆེན་འཚོགས་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་དུ“མི་ཡུལ་གྱི་གནས་མཆོག སྦྲང་རྩིའི་ཐོན་ལས་ཀྱི་ལས་འབྲེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་ཀྲུང་གོའི་སྦྲང་རྩིའི་ཐོན་རྫས་ལས་རིགས་ཀྱི་ཚོགས་ཆེན་འཚོགས་ཤིང་། རྒྱལ་ཁབ་མང་པོའི་སྦྲང་རྩིའི་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ་དང་། རྒྱལ་ནང་གི་སྦྲང་རྩིའི་ལས་རིགས་ཀྱི་སྣེ་འདྲེན་པ། ཚན་ཞིབ་རིགས་གཅིག་མཁས་ཅན། ཉོ་སྒྲུབ་ཚོང་པ་བཅས་གངས་ལྗོངས་ས་མཐོར་འཛོམས་ནས་ས་མཐོའི་སྦྲང་རྩིའི་ཐོན་ལས་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེས་གོ་ལ་ཧྲིལ་པོའི་བཟའ་བཅའི་ཚད་གཞི་དང་བསྡུར་ནས་ཕྱི་རྒྱལ་གྱི་ཁྲོམ་ར་གསར་འབྱེད་བྱེད་པ་དང་། རྒྱལ་སྤྱིའི་ཐོན་ཁུངས་ལ་བརྟེན་ནས་སྤུས་རྟགས་ཀྱི་ཞན་ཆ་གསབ་པ། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་སྦྲང་རྩིའི་ཐོན་ལས་ཚད་ལྡན་ཅན་དང་། སྤུས་རྟགས་ཅན། རྒྱལ་སྤྱི་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།