དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧོ་པེའི་ལང་ཧྥང་དུ་མངའ་རིས་ས་ཁུལ་གྱི་ཚོང་འགུཌ་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-23

    ཉེ་ཆར། ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་དུ་2026ལོའི་ཀྲུང་གོ·ལང་ཧྥང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་འདུ་ཚོགས་ཀྱི་མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོཌ་གཉེར་བ་རེད། ད་རེས་ཀྱི་བྱེད་སྒོ་དེ་མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། མངའ་རིས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་སྤུས་ཚད་དང་། ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ། མ་འཇོག་མདུན་ལམ་ཆེན་པོ་བཅས་ཁྱོན་ཡོངས་ནས་མངོན་པ་མ་ཟད། ཕྱི་ཕྱོགས་ཚོང་འགུགས་འོས་སྦྱོར་དང་། ཐོན་ལས་འབྲེལ་མཐུད། དཔལ་འབྱོར་ཚོང་དོན་གྱི་སྤེལ་རེས་བཅས་གནད་སྨིན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འོས་སྦྱོར་འདུ་ཚོགས་སུ་མངའ་རིས་ས་ཁུལ་གྱི་ཁྲལ་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ཐོན་ལས་རོགས་སྐྱོར། མ་འཇོག་བྱ་དགའ་སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྒྲོག་འགྲེལ་བྱས་པ་དང་། ལེ་ལག་ཚང་བའི་བྱེད་ཐབས་དོན་འཁྱོལ་ཁ་གསལ་བྱས་ནས་ཚོང་དུད་ལ་འབྲེལ་འདྲིས་དང་། ཚོང་དུད་བདེ་འཁོད། ཚོང་དུད་ཕྱུག་གཏོང་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་བཏོད་ཡོད། འགྲེམས་ཁུལ་གྱི་ས་ཡུལ་དངོས་སུ་མངའ་རིས་ས་ཁུལ་གྱི་ཁེ་ལས་18འགྲེམས་སྟོན་ལ་ཞུགས་པ་དང་། ས་ཡུལ་དངོས་སུ་གངས་རིན་པོ་ཆེའི་རིག་གནས་བསམ་བཀོད་དང་། ཚགས་ཤ ནས་ཀྱི་ཐོན་རྫས། ས་མཐོའི་གསོ་རླུང་བཟོ་བའི་སྒྲིག་ཆས་སོགས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་ཤིང་། བྱེད་སྒོ་སྤེལ་ཡུལ་འཁྲུག་ཆ་དོད་པ་མ་ཟད། ཚོགས་ཞུགས་ཁེ་ལས་མཁས་ཅན་དང་ཚོང་འགྲུལ་པའི་འཐུས་མི་མང་པོས་གནས་དེ་གར་ལྟ་སྐོར་དང་མཉམ་ལས་ཀྱི་གྲོས་མོལ་གཏིང་ཟབ་བྱ་རྒྱུར་ཡིད་དབང་ཡང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།