དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་དྲོ་སྐྱིད་ལྡན་པའི་དམངས་འཚོའི་ལག་ལེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་མོང་ཁྲེན།   |     སྤེལ་དུས།  2026-06-23

    དབྱར་གཞུང་དུ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་སྔར་བཞིན་གྲང་རླུང་འུར་འུར་དུ་ལྡང་བཞིན་མཆིས།

    ལོ་38ལ་སླེབས་པའི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྡོ་རྗེ་དབང་ཕྱུག་ས་ཁུང་གྲོང་ཚོའི་ཡུལ་མི་ཕུར་བུ་ཆོས་པའི་ཁྱིམ་དུ་བསྐྱོད་ནས། “གྲོང་ཚོའི‘དུད་ཚང་རེར་ཡིག་ཚགས་རེ་དང་གཱ་བདུན’བཟོས་ཟིན་པ་དང་ལག་ཁྱེར་དང་དཔྱད་ཡིག་གྲོང་ཚོས་གཅིག་གྱུར་དོ་དམ་བྱེད་ཀྱི་ཡོད་པས་ཁྱེད་བློ་བདེ་པོའི་ངང་མཐའ་མཚམས་སྐོར་གཡེང་ལ་ཕྱིན་ན་འགྲིག”ཅེས་མངགས་བཅོལ་བྱས།

    ཕུ་མ་བྱང་ཐང་ཤང་ནི་སྣ་དཀར་རྩེ་རྫོང་གི་ལྷོ་རྒྱུད་དུ་གནས་པ་དང་ཕུ་མ་གཡུ་མཚོའི་འགྲམ་དུ་ཆགས་ཡོད། ཤང་ཡོངས་ཀྱི་ཆ་སྙོམས་ས་བབ་སྨི་5373ཟིན་པ་དང་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་ཡིན་ཞིང་། མཁའ་རླུང་ཁྲོད་ཀྱི་གསོ་རླུང་འདུས་ཚད་མཚོ་ངོས་ཀྱི་40%ལས་མེད།

    ཕུ་མ་བྱང་ཐང་ཤང་གི་ས་རྒྱ་ཆེ་བས་མང་ཚོགས་ཁག་གཅིག་ཁྱིམ་ནས་འདྲུད་འཐེན་འཁོར་ལོ་བཏང་སྟེ་ཕྱུགས་འཚོ་སར་བསྐྱོད་ན་ཆུ་ཚོད་གཉིས་གསུམ་འགོར་གྱི་ཡོད། འབྲོག་ཁུལ་བཅོས་སྐྱོང་གི་དཀའ་གནད་སེལ་ཆེད། ཕུ་མ་བྱང་ཐང་ཤང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་གཏིང་ཟབ་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལས་དོན་ལ་སྐུལ་འདེད་བཏང་སྟེ“དུད་ཚང་རེར་ཡིག་ཚགས་རེ་དང་གཱ་བདུན”གྱི་དམངས་ཕན་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་པ་རེད།

    གྲོང་ཚོ་ཁག་གིས་འབྲོག་པ་དུད་ཚང་རེར་ཆེད་གཏོགས་ཡིག་ཚགས་སྒམ་བཟོས་ཏེ་དཔྱད་གཞིའི་རིགས་་གཞིར་བཟུང་སྟེ་གཱ་བདུན་ལ་བརྟེན་ནས་མང་ཚོགས་ཀྱི་ལག་ཁྱེར་དང་། དམངས་ཕན་སྲིད་ཇུས། གནད་དོན་རྩིས་ཁྲ་སོགས་ཀྱི་དཔྱད་གཞི་གཅིག་སྡུད་ཐོག་ལེགས་སྒྲིག་བྱས་པ་རེད། ཏང་ཡོན་ལས་བྱེད་པ་དུད་ཚང་དུ་འཚམས་འདྲིར་སྐྱོད་སྐབས་སྟབས་བསྟུན་ངང་རྩིས་ཐོ་གསར་བརྗེས་བྱས་པས“ལས་བྱེད་པས་ཟིན་ཐོ་མང་ཙམ་འགོད་པ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ”མངོན་འགྱུར་བྱུང་བ་རེད།

    ཕུ་མ་བྱང་ཐང་ཤང་ཏང་ཨུད་ཀྱིས་ཏང་ཡོན་དང་། མི་དམངས་ཉེན་རྟོག་པ། མང་ཚོགས་བཅས་ཟུང་དུ་འབྲེལ་བའི་མཉམ་འགོག་མ་ལག་བཙུགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་མཐའ་མཚམས་ལ་སྐོར་སྲུང་བྱེད་ཀྱི་ཡོད། ཕུར་བུ་ཆོས་པ་ནི་ས་གནས་དེ་གའི་ཉམས་མྱོང་ལྡན་པའི་མཐའ་སྲུང་བ་ཞིག་རེད། ས་མཐོའི་རི་ལམ་ཀྱག་ཀྱོག་ཆེ་ལ་སྐྱོད་དཀའ་བས་ཁོང་གིས་རླངས་འཁོར་བཏང་ནས་མཐའ་མཚམས་ས་ཚིགས་སུ་སྐྱོད་རིམ་བཞིན་ཆུ་ཚོད་2ཙམ་འགོར་གྱི་ཡོད་པ་དང་རྐང་ཐང་མར་སྐོར་གཡེང་བྱེད་པའི་ལམ་ཚད་སྤྱི་ལེ་20ལྷག་ཙམ་ཟིན་གྱི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཤང་ཡོངས་སུ་ལོ་རེར་ཆ་སྙོམས་མཐའ་མཚམས་སྐོར་གཡེང་ཐེངས་300ལྷག་ཙམ་བྱེད་པ་དང་ལམ་ཚད་སྤྱི་ལེ་1000ལྷག་ཙམ་ཟིན་གྱི་ཡོད།

    དུས་ཡུན་རིང་པོ་ས་བབ་མཐོ་བའི་ས་ཁུལ་དུ་ལས་ཀ་བྱས་ན་གཟུགས་པོར་གནོད་འཚེ་ཆེ་མོད། འོན་ཀྱང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་བྱས་ཏེ་མཐའ་མཚམས་སྲུང་སྐྱོང་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡོད།

    ཁོང་ཚོས་རྟག་ཏུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་སུམ་ཅུའི་གྲང་ངར་ལ་མ་འཛེམས་པར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཁྲིམས་སྐྱོང་སློབ་གསོ་དང་། འཁྱག་འགོག་གྲང་འགོག ཕྱུགས་ཟོག་གི་དྲོད་སྲུང་སོགས་ཀྱི་ལས་དོན་སྤེལ་གྱི་ཡོད།

    ཕུ་མ་བྱང་ཐང་ཤང་གི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ལས་ཟིན་གྱི་མེད་པ་དང་དགུན་ཁའི་དུས་ཡུན་ཟླ་9ཙམ་ཡོད་ཅིང་། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཙམ་དུ་སླེབས་ཀྱི་ཡོད། དེ་སྔ་དགུན་ཁ་སླེབས་མ་ཐག་རྒན་རྒོན་ལ་མགོ་ཡུ་འཁོར་བ་དང་བྲང་ཁ་མི་བདེ་བ་སོགས་ཀྱི་ནད་རྟཌ་ཐོན་པ་དང་མཚན་མོ་ཉལ་སྐབས་སྲིང་བལ་ཕོ་ཁེབས་གཉིས་གསུམ་ཙམ་གྱོན་ཚེ་གཞི་ནས་དྲོད་ཁུག་ཙམ་ཡོང་ཐུབ།

    མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཤང་ཏང་ཨུད་ཀྱིས་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་800ལྷག་ཙམ་བརྩོན་ལེན་བྱས་ཏེ་ཤང་ཡོངས་ཀྱི་དུད་ཚང་280ལ་དྲོད་གཏོང་འཕྲུལ་ཆས་དང་ཁྱིམ་ཚང་གི་ཁྱབ་འགྱེད་རྣམ་པའི་གསོ་རླུང་བཟོ་ཆས་སྒྲིག་སྦྱོར་ཧུར་ཐག་བྱས་པ་དང་ཆབས་ཅིག “བདེ་ཐང་ཁང་པའི”སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་བ་རེད། ད་ཆ་དྲོད་ཚད་སྙོམ་པ་དང་གསོ་རླུང་འདང་ངེས་ཡོད་པས་མང་ཚོགས་ཚོའི“དྲོ་པོ་ཡོང་རེ་དང་གསོ་རླུང་མི་འདང་བར་སྐྲག་པའི”འཚོ་བའི་དཀའ་གནད་གཞི་རྩའི་ཆ་ནས་བསལ་ཡོད་པ་རེད།

    གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་ཡུལ་མི་ཕྱུགས་འཚོ་སྐབས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་གནད་དོན་ལ་དམིགས་ནས་ཕུ་མ་བྱང་ཐང་ཤང་ཏང་ཨུད་ཀྱིས་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ། གྲོང་མི་སྒྲིག་འཛུགས་བྱས་ནས་རྒུད་གསབ་ལས་སྤྲོད་ཀྱིས་ཐོན་སྐྱེད་འགྲོ་ལམ་གཏོད་པར་སྐུལ་འདེད་བཏང་ཞིང་། རྣམ་གྲངས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་43ལྷག་ཙམ་ཟིན་པ་དང་། སྲིད་འཛིན་གྲོང་ཚོ་6ལ་ཁྱབ་པར། རིམ་རྩིས་བརྒྱབ་ན་མང་ཚོགས་260ཙམ་གླ་པ་རྒྱུག་པར་སྐུལ་ཁྲིད་ཐུབ་ཡོད།

    འགྲོ་ལམ་ཤར་གཏོང་ཐུབ་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་མྱུར་པོ་བཏང་ཞིང་། ཕུ་མ་བྱང་ཐང་ཤང་ཏང་ཨུད་ཀྱིས་འབྲོག་ལས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ“བེད་མེད་དུ་ལུས་པའི་རྩྭ་ར་ནང་བཤུག་གཏོང་བ་དང་། ཕྱུགས་འཚོ་མཁན་གཏན་འཁེལ། ཕྱུགས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག གཞི་ཁྱོན་ལྡན་པའི་གསོ་ཚགས”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་ནས་སྲོལ་རྒྱུན་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག ཕུ་མ་གཡུ་མཚོའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་མཚོ་སྐོར་རྐང་འཁོར་འགྲན་བསྡུར་གཉེར་ཏེ་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་རེད།

    ཕུ་མ་བྱང་ཐང་ཤང་ཏང་ཨུད་ཀྱི་སྣེ་ཁྲིད་འོག ཤང་གི་དཔལ་འབྱོར་ཡོང་འབབ་2012ལོའི་སྒོར་ཁྲི་985ནས་2025ལོའི་སྒོར་ཁྲི་3467.1བར་འཕར་ནས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ་5ལྷག་ཙམ་འཕར་ཡོད། ད་ཆ“འབྱོར་འབྲིང་ཁང་པ”རེ་རེ་གྲལ་སྟར་འགྲིག་པ་དང་། ཁང་པའི་ནང་ཆུ་དང་། གློག འཕྲིན་གཏོང་། དྲ་བ་བཅས་ལེ་ལག་ཚང་ཞིང་ཤང་དུ་དྲོད་རླངས་དང་གསོ་རླུང་ཡོངས་ཁྱབ་ཐུབ་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།