དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུལ་ལྗོངས་ཡག་པོ་དེ“ཡོང་འབབ་གསོག་ཡུལ་ཡག་པོར”གྱུར་པ།

    ——ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལ་བརྟེན་ནས་དམངས་ཕྱུག་རྫོང་སྟོབས་ཆེན་གཏོད་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-23

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ཀོང་པོ་རྒྱ་མདའ་རྫོང་གིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་དང་ཀོང་པོའི་དམངས་སྲོལ་རིག་གནས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། མང་ཚོཌ་ལ་འབབ་འཕར་ཡོང་བ་བཅས་མཉམ་འདྲེས་གཏིང་ཟབ་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ལམ་བུ་བཏོད་དེ། བོད་ཤར་ལྷོའི་རི་སྔོན་ཆུ་དྭངས་དེ་མི་སེར་ཚོ་འབབ་འཕར་ཕྱུག་འགྱུར་གྱི“ཡོང་འབབ་གསོག་ཡུལ”དུ་དངོས་འབྲེལ་འགྱུར་བར་བྱས་ཡོད།

    སྐྱེ་ཁམས་ཀྱི་ཁྱིམ་གཞིས་ཡག་པོ་བསྲུངས་ནས་རིག་གནས་ཡུལ་སྐོར་གྱི“ལྗང་མདོག་མིང་བྱང”ཡག་པོ་བཏོད་པ།

    སྐྱེ་ཁམས་སྤུས་ལེགས་ནི་ཀོང་པོ་རྒྱ་མདའ་རྫོང་གིས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གདེང་ཚོད་ཆེ་ཤོས་དེ་རེད། འདས་ཟིན་པའི་ལོ་ལྔའི་ནང་། ས་གནས་དེ་གས་ཆེད་དོན་མ་དངུལ་རྒྱུན་མཐུད་བཏང་ནས་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་སླར་གསོ་བྱས་ཤིང་། གཞི་ཁྱོན་ཆེ་བའི་རི་རྒོད་དང་ས་རྒོད་དག་སླར་ཡང་སྔོ་ལྗང་གིས་བརྒྱན་ནས། རང་བྱུང་ནགས་ཚལ་མང་པོ་ཞིག་ལ་རྒྱུན་རྣམ་ཅན་གྱི་སྲུང་སྐྱོང་དང་བདག་སྐྱོང་ཐུབ་ཡོད། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱས་པ་བརྒྱུད། ནགས་རི་དང་། འདམ་ར། གཙང་པོ་དང་མཚོ་བཅས་ཀྱི་སྐྱེ་ཁམས་འཁོར་རྒྱུག་ལེགས་སུ་ཕྱིན་པ་དང་། ནགས་རི་ཁེབས་ཚད་རྒྱུན་མཐུད་བརྟན་དུ་ཕྱིན་ཏེ་ཆུ་ཁུངས་གཙང་མ་དང་མཁའ་རླུང་གཙང་མ་དེ་བཀྲག་མདངས་འཚེར་ས་ཡག་ཤོས་སུ་གྱུར་ཡོད།

    རྫོང་ཁོངས་ཡུལ་སྐོར་གྱི་ལྟེ་བའི་མཚོན་རྟཌ་ཤིག་ཡིན་པའི་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་གྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་1.3བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ་སྐྱེ་ཁམས་ལྟ་སྐོར་རྐང་ལམ་སྤྱི་ལེ་35དང་ཚད་ལྡན་ཅན་གྱི་ཡུལ་སྐོར་ཁོར་ཡུག་སྲུང་སྐྱོང་གི་སྤྱི་པའི་གསང་སྤྱོད་13བསྐྲུན་པ་མ་ཟད། མཚོ་བཅོས་སྐྱོང་དང་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་སོགས་སྐྱེ་ཁམས་ཀྱི་ཆེད་དོན་བྱ་སྤྱོད་ཁག་6ལག་ལེན་བསྟར་བ་རེད།

    དམངས་སྲོལ་དང་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་བར་བྱས་ནས་ཁྱད་ལྡན“རིག་གནས་སྤུས་རྟགས”ཡག་པོ་བཏོད་པ།

    ཀོང་པོ་རྒྱ་མདའ་རྫོང་གིས་ཀོང་པོའི་དམངས་སྲོལ་རིག་གནས་དང་གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱི་རིག་གནས་ཀྱི་གཙོ་རྐང་ཆེན་པོ་གཉིས་སྔོག་འདོན་གཏིང་ཟབ་བྱས་ཏེ། གཙོ་གནད་རིག་གནས་ཡུལ་སྐོར་རྣམ་གྲངས་ཁག་གཅིག་གཅིག་སྡུད་དོན་འཁྱོལ་བྱས་ནས། རི་ཁྲོད་དུ་གནས་པའི་གནའ་བོའི་གྲོང་ཚོ་དང་མི་རབས་མང་པོས་རྒྱུན་འཛིན་བྱས་པའི་ལག་ཤེས་གྲོང་ཚོ་ནས་ཕྱིར་ཁྱབ་གདལ་བཏང་བས། མིག་མཐོང་ལག་ཟིན་ཐུབ་པའི་ཡུལ་སྐོར་གྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།

    ཀོང་པོ་རྒྱ་མདའ་རྫོང་གིས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ཞིང་། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་12.89བཏང་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་68དང་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་11བསྐྲུན་པ་དང་། བྱེ་པ་གྲོང་ཚོའི་གསོན་ཤུགས་སླར་ཡང་འཕེལ་བར་སྐུལ་འདེད་བཏང་ནས་གནའ་བོའི་ཡུལ་མིའི་སྡོད་ཁང་སྟར་པ་55ཉམས་གསོ་སྲུང་སྐྱོང་བྱས་པ་དང་། དམངས་སྲོལ་རིག་གནས་ཉམས་ལེན་ཁང་1བསྐྲུན་པ། རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་17ལེགས་སྒྲིག་དང་སྔོག་འདོན་བྱས་པ། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་3དང་། གྲོང་ཁྱེར་དང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་8གསོ་སྐྱོང་བྱས་ཡོད།

    ལོ་5བསྟུད་མར་དམངས་སྲོལ་རིག་གནས་དུས་ཆེན་དང་། རི་ཁུལ་གྱི་རྐང་འཁོར་འགྲན་བསྡུར། ས་མཐོའི་རྐང་ཐང་འདུ་ཚོགས་སོགས་ཀྱི་སྤུས་རྟགས་བྱེད་སྒོ་ཁྱོན་ཐེངས་105སྤེལ་ཅིང་། ལོར་ཆ་སྙོམས་ཕྱི་རོལ་དུ་སྤྲོ་གསེང་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་12ཟིན་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་ཡོད།

    ས་ཁོངས་ཡོངས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་རིམ་སྤོར་བྱས་ནས་ས་མཐོའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་པ།

    སྙིང་ཉེའི་ལེ་ལག་ཚང་བའི་ཞབས་ཞུ་ནི་ཡུལ་སྐོར་བ་གནས་ཐུབ་པ་དང་རིག་གནས་ཡུལ་སྐོར་ལ་བསྔགས་བརྗོད་ཐོབ་པའི་འགག་རྩ་དེ་རེད། འདས་ཟིན་པའི་ལོ་5ཡི་ནང་། ས་གནས་དེ་གས་ཡུལ་སྐོར་འགྲིམ་འགྲུལ་གྱི་སྤུས་ཚད་ལེགས་སུ་དང་རིམ་པ་མཐོ་རུ་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། རི་ཁུལ་དུ་སྐྱོད་སའི་ཡུལ་སྐོར་ལམ་བུ་མང་པོ་ཞིག་གསར་བཟོ་རྒྱ་སྐྱེད་བཏང་བ་དང་དུས་མཚུངས་སུ་གྲོང་གསེབ་ཀྱི་གཞུང་ལམ་འབོར་ཆེན་ཞིག་གསར་བཟོ་དང་སྒྱུར་བཀོད་བྱས་པས། རིག་གནས་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཚང་མར་ཁོད་སྙོམས་སྲ་གཟུགས་ཀྱི་ལམ་ཤར་གཏོང་ཐུབ་པ་དང་། ཤང་དང་གྲོང་རྡལ་9ཡི་འགྲུལ་སྐྱེལ་རྒྱུན་བཙུགས་རླངས་འཁོར་ལམ་ཐིག་ཧྲིལ་པོར་ཤར་གཏོང་ཐུབ་ཡོད། ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་། རིག་ལྡན་རླངས་འཁོར་འཇོག་ས། ལྗོངས་གཟིགས་དང་ངལ་གསོ་ཡུལ་སོགས་སྤྱི་པའི་སྒྲིག་བཀོད་བཅུ་ཕྲག་ཁ་ཤས་རིམ་སྤོར་སྒྱུར་བཀོད་བྱས་པས། ཡུལ་སྐོར་བ་ཕྱིར་ཡུལ་སྐོར་དུ་བསྐྱོད་བདེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀོང་པོ་རྒྱ་མདའ་རྫོང་གིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་144.03ནས་མི་ཐེངས་ཁྲི་376བར་འཕར་བ་དང་། ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་7.27ནས་སྒོར་དུང་ཕྱུར་22.23བར་འཕར་བ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་31.2%ཟིན་ནས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་6.13%འཕར་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།