ན་ནིང་རྒྱལ་ཡོངས་ཀྱི་སྤྱོད་མུས་གྲངས་གཞིའི་སྤྱི་འབོར་དུས་མཚུངས་ལས་28.46%འཕར་བ།
གསར་འགོད་པར་རྒྱལ་ཁབ་གྲངས་གཞི་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར། རྒྱལ་ཡོངས་ཀྱི་སྤྱོད་མུས་གྲངས་གཞིའི་སྤྱི་འབོར་1.67ZBཟིན་པ་དང་དུས་མཚུངས་ལས་28.46%འཕར་ཡོད། ཁེ་ལས་གྲངས་གཞིའི་ཐོན་རྫས་དང་ཞབས་ཞུའི་གྲངས་འབོར་དུས་མཚུངས་ལས་29.29%འཕར་བ་དང་། ཉོ་ཚོང་དངུལ་འབོར་དུས་མཚུངས་ལས་39.8%འཕར་ཡོད།
ད་ལོ་ནི“གྲངས་གཞིའི་གཙོ་རྒྱུ་×”ཡི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་མཇུག་བསྡུའི་ལོ་ཡིན་ཞིང་། དེ་ཡང་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་བའི་ལོ་གཉིས་ལྷག་ཙམ་སོང་རིང་། སྤྱི་ཚོགས་ཡོངས་ཀྱི་གྲངས་གཞིའི་འདུ་ཤེས་ཟབ་ཏུ་མངོན་གསལ་དོད་པོ་ཕྱིན་པ་དང་། གྲངས་གཞིའི་གཙོ་རྒྱུའི་རིན་ཐང་མྱུར་དུ་ཐོན་ཡོད། རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་ཁྱོན་དཔེ་མཚོན་417དང་ལས་རིགས་ཁྱབ་ཁོངས་ཁག་11གི“གྲངས་གཞིའི་གཙོ་རྒྱུ་×”ཡི་དཔེ་མཚོན་རྣམ་པའི་མཛུབ་ཁྲིད་760བྱས་པ་ཡོངས་བསྒྲགས་བྱས་ནས་རྣམ་པ་300ཡན་གཏོད་རྒྱུའི་དམིགས་ཚད་སྔོན་ཚུད་ནས་ལེགས་གྲུབ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།