ཅང་ཤིས་དབྱི་ཁྲུན་གྱི་ཡུལ་ཟོག་བྲིན་ཁ་རྒྱུག་པའི་ཚོང་ཟོག་ལ་གྱུར་པ།

ཉེ་བའི་ལོ་ཤས་རིང་། ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཐུང་ཀུའུ་རྫོང་གིས་ཞིང་པར་ས་གནས་དེ་གའི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་སྲོལ་རྒྱུན་ཞིམ་ཟས་རིགས་སྔོག་འདོན་བྱས་པ་དང་། ལག་ཤེས་བཟོ་ཁང་དང་མཉམ་ལས་ཁང་སོགས་ཀྱི་རྣམ་པའི་ཐོག་ནས་ཞིང་དུད་ཀྱི་ལ་ཕུག་དང་ཤིང་འབྲས་དབྱང་མེ་སོགས་ཞིང་ལས་ཐོན་རྫས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཤིང་འབྲས་སྐམ་པོ་དང་སྐམ་ཚལ་སོགས་ཁྱད་ལྡན་ཚོང་ཟོག་བཟོས་ཏེ་ཕྱིར་ཚོང་བྱས་པས་ཡུལ་ཟོག་གི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པ་མ་ཟད། ཡུལ་ཟོག་གི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་དང་། ཞིང་ལས་ཐོན་འཕར། ཞིང་པའི་འབབ་འཕར་ལ་སྐུལ་འདེད་བཏང་ཐོག་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱས་ཡོད། འདི་ནི་ཐུང་ཀུའུ་རྫོང་དབུན་ཆོན་གྲོང་རྡལ་ལུའུ་ཐེན་གྲོང་ཚོའི་ཐུང་ཤང་ཧུའེ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་ལག་ཤེས་བཟོ་ཁང་གི་ལས་དོན་པས་ཤིང་འབྲས་དབྱང་མེ་སྐེམ་བཞིན་པ།
འབྲེལ་ཡོད་གསར་འགྱུར།