དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་ལྔ་པའི་བར་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་མ་དངུལ་གྱིས་མི་ཐེངས་དུང་ཕྱུར་1.1ལྷག་ཙམ་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-22

    ད་ལོ“གསར་གཉིས”སྲིད་ཇུས་ཀྱིས་རྒྱབ་སྐྱོར་ཁྱབ་ཁོངས་དང་། ཁ་གསབ་ཚད་གཞི། ལག་བསྟར་ལམ་སྲོལ་སོགས་ལེགས་སུ་གཏིང་ཟབ་བཏང་ཡོད། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། “གསར་གཉིས”སྲིད་ཇུས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པས་སྐུལ་ཁྲིད་ཀྱི་ཕན་འབྲས་ཆེ་བ་དང་། མང་ཚོགས་ལ་ཕན་པ་ཐོབ་རྒྱ་ཆེ་བ། དམངས་འཚོར་ཕན་འབྲས་དངོས་ཐོན་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོད།

    སྒྲིག་ཆས་གསར་པར་བརྗེ་བའི་ཐད་མིག་སྔར་ཁག་གཉིས་སུ་བགོས་ནས་སྒྲིག་ཆས་གསར་པར་བརྗེ་བའི་མ་དངུལ་སྒོར་དུང་ཕྱུར་1851གཤམ་སྤྲོད་བྱས་པ་དང་། རྣམ་གྲངས་ཁྱོན་ཁྲི་1.1ལྷག་ཙམ་ལ་རྒྱབ་སྐྱོར་བྱས་པ། ཁྱོན་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་8400ལས་བརྒལ་ཡོད། ད་ལོ་ཁུལ་ཆུང་རྙིང་པར་གློག་སྐས་བསྒར་བ་དང་རྒན་གསོའི་སྒྲིག་གཞིར་སྒྲིག་ཆས་རྙིང་པ་གསར་པར་བརྗེ་བ་སོཌ་རྒྱབ་སྐྱོར་གྱི་ཁྱབ་ཁོངས་ནང་བཅུག་པ་དང་། སྒྲིག་ཆས་གསར་པ་བརྗེ་བའི་མ་དངུལ་ཁག་གོང་མ་གཉིས་ཀྱི་ནང་ནས་སྡོད་ཁང་གི་གློག་སྐས་རྙིང་པ་ཁྲི་19.4གསར་པ་བརྗེ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཐད། ཟླ་དང་པོ་ནས་ལྔ་པའི་བར་ད་ལོའི་ཁག་གོང་མ་གཉིས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་མ་དངུལ་སྒོར་དུང་ཕྱུར་1250གཤམ་སྤྲོད་བྱས་པ་དང་། རིམ་རྩིས་བརྒྱབ་ན་འབྲེལ་ཡོད་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་8200ལས་བརྒལ་ནས་མི་ཐེངས་དུང་ཕྱུར་1.1ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དེ་བས་དྲང་གཞག་དང་། སྟབས་བདེ། ཚད་ལྡན་བཅས་ཀྱི་སྒོ་ནས་འཛད་སྤྱོད་པར་སྲིད་ཇུས་ཀྱི་ཁེ་ཕན་ཐད་ཀར་ཐོབ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བས“གསར་གཉིས”སྲིད་ཇུས་ཀྱི་ཕན་ནུས་དེ་བས་ལེགས་པ་ཐོན་ཡོད་དེ། གཅིག་ནས་མ་དངུལ་གཤམ་སྤྲོད་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ཟླ་དྲུག་པའི་ཟླ་མཇུག་གོང་། ད་ལོའི་སྒྲིག་ཆས་གསར་པ་བརྗེས་པའི་རྣམ་གྲངས་ཀྱི་གསལ་ཐོའི་སྒོར་དུང་ཕྱུར་2000དང་ཁག་གསུམ་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་མ་དངུལ་སྒོར་དུང་ཕྱུར་625གཤམ་སྤྲོད་བྱ་རྒྱུ་རེད། གཉིས་ནས་རྣམ་གྲངས་དང་མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། “སྔོན་འཕར་རྗེས་གསབ”དང་ཁ་གསབ་གཡོ་ལེན་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་རེད། གསུམ་ནས་རྗེས་སྙེག་དང་ཕན་འབྲས་འདྲི་རྩད་ཡག་པོ་བྱེད་པ་དང“གསར་གཉིས”སྲིད་ཇུས་ལག་བསྟར་གྱི་ཕན་འབྲས་ལ་ཚོད་སྐོར་བྱས་ནས་སྲིད་ཇུས་རྒྱུན་མཐུད་དང་། སྔོན་ཚུད་ཞིབ་འཇུག གསོག་འཇོག་སོགས་ཡག་པོ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།