ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་2485བྱས་པ།
གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་2485བྱས་པ་དེ་དུས་མཚུངས་ལས་2.6%འཕར་ནས་ལྕགས་ལམ་འཛུགས་སྐྲུན་མ་འཇོག་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་ནང་མཁོ་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ད་ལོ་ཚུན་དུ། རྒྱལ་ཁབ་ལྕགས་ལམ་ཚོགས་པས་དྲ་སྦྲེལ་དང་། དྲ་རྒྱ་ཁ་གསབ། ནུས་སྐྱེད་སྒྱུར་བཀོད་བཅས་གཙོ་གནད་དུ་བྱས་ཏེ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཨར་ལས་ཀྱི་བདེ་འཇཌ་དང་། སྤུས་ཚད། འཕེལ་རིམ་བཅས་ལ་སྤྱི་འདོམས་ནུས་ཆེ་བྱས་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་ལ་འཕེལ་རིམ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཟླ་5པར་དབྱི་ཁྲང་ནས་ཤིན་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཁྲའོ་ཧུའུ་ནས་མ་ཨན་ཧྲན་བར་གྱི་གྲོང་སྦྲེལ་ལྕགས་ལམ་ལ་ཕྱོགས་ཡོངས་ནས་སྤུས་ཚད་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས་པ་དང་། ཧའར་པིན་ནས་ཐེ་ལི་བར་དང་ཐེ་ལི་ནས་དབྱི་ཁྲུན་བར་གྱི་ལྕགས་ལམ་ལ་ཕྱོགས་ཡོངས་ནས་སྤུས་ཚད་ཞིབ་བཤེར་རྩིས་ལེན་བྱས་པ། ཞུང་ཨན་ནས་ཧྲང་ཆིའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པའི་ཚོད་ལྟའི་དུས་མཚམས་སུ་སླེབས་པ། ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་འཁོར་སྐྱོད་དུས་མཚམས་སུ་སླེབས་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།