དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་ལྔ་པའི་བར་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་ཁྲི་3.5ཟིན་པ།

    རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་16.9%ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-22

    གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་ཁྲི་3.5ཟིན་པ་དེ་དུས་མཚུངས་ལས་27.1%འཕར་ནས། རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་16.9%བཟུང་སྟེ་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    རང་རྒྱལ་ལ་ཁྱོན་འགག་སྒོའི་དམིགས་བསལ་ལྟ་འདོམས་ས་ཁོངས་174ཡོད་པ་ལས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་168དང་། སྒོ་ཁྲལ་མེད་ཁུལ་4(ཧྲང་ཧའེ་ཝའེ་ཀའོ་ཆའོ་དང་། ཏ་ལེན། ཉིང་པོ། ཧྥུའུ་ཐན་བཅས་ཀྱི་སྒོ་ཁྲལ་མེད་ཁུལ) རྒྱལ་སྒྲོལ་བཟོ་ལས་ཁུལ་1(ཀྲུའུ་ཨའོ་རྒྱལ་སྒྲོལ་བཟོ་ལས་ཁུལ་ཀྲུའུ་ཧའེ་གླིང་ཁུལ)སྒོ་ཁྲལ་མེད་པའི་གྲུ་ཁ་ཁུལ1(དབྱང་ཕུའུ་སྒོ་ཁྲལ་མེད་པའི་གྲུ་ཁ་ཁུལ)བཅས་ཡོད། 2025ལོར་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་ཁྲི་7.2ཟིན་པ་དེ་དུས་མཚུངས་ལས་8.2%འཕར་ཞིང་། རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་15.9%བཟུང་ཡོད།

    ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱིས་སྲིད་ཇུས་ལས་སྟེགས་ཀྱི་ལེགས་ཆ་བཏོན་ཏེ་རྒྱལ་སྤྱིའི་ཐོན་ལས་ལས་བགོས་དང་ལེན་ཧུར་ཐག་ཞུས་ནས་ལག་རྩལ་འདུས་ཚད་མཐོ་བ་དང་། ཟུར་སྣོན་རིན་ཐང་མཐོ་བ། སྐུལ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབོར་ཆེན་ཞིག་བཅའ་སྡོད་བྱ་རྒྱུའི་ཡིད་དབང་བཀུག་པ་དང་ཆབས་ཅིག རྒྱལ་ནང་གི་མ་འཇོག་ལ་སྐུལ་ཁྲིད་དང་མཐའ་འཁོར་གྱི་དཔལ་འབྱོར་ལ་ཁྱབ་འགྱེད་ཀྱིས་ལེ་ལག་ཚང་བའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ཁྲུང་ཆིང་དང་། ཧྲའན་ཤིས། སི་ཁྲོན། ཧོ་ནན་སོགས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱིས་ས་གནས་དེ་གའི་ཕྱི་ཕྱོགས་ཚོང་དོན་བསྡུར་ཚད་ཀྱི་50%ལྷག་ཙམ་བཟུང་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱིས་ལས་སྣོན་ཚོང་དོན་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱེད་པ་དང་། “སྒོ་ཁྲལ་མེད་པ+”ཡི་སྣ་མང་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྒོ་ཁྲལ་མེད་པ་ཉམས་གསོ་དང་། སྒོ་ཁྲལ་མེད་པ་ཞིབ་སྤེལ། སྒོ་ཁྲལ་མེད་པ་བསྐྱར་བཟོ། རྒྱལ་སྒྲོལ་དྲ་ཚོང་། དངུལ་བསྡུ་བོགས་གཏོང་སོགས་ལས་རྣམ་གསར་པ་སྐྱེད་སྲིང་དང་གསོ་སྐྱོང་བྱས་ཏེ། ཐོན་ལས་འཁོར་འབྲེལ་མཐོ་རིམ་ཕྱོགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།