དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲུ་ཤན་འབྲུག་མགོ་མའི་དུས་ཆེན་ལ་རྩལ་འགྲན་འཁྲུག་ཆ་དོད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-22

    2026ལོའི་ཟླ་6ཚེས་19ཉིན་ནི་ལྔ་པའི་ཚེས་ལྔའི་དུས་ཆེན་ཡིན་པ་དང་སྐབས་ཉེར་དྲུག་པའི་ཨན་ཁང་ཧན་ཅང་གཙང་པོའི་གྲུ་ཤན་འབྲུག་མགོ་མའི་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཧན་ཅང་གཙང་པོའི་ངོགས་སུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཨན་ཁང་གྲོང་ཁྱེར་གྱི་གྲུ་ཤན་འབྲུག་མགོ་མའི་རུ་ཁག་བཅུ་ལྷག་ཙམ་རེས་མོས་ངང་འགྲན་བསྡུར་ལ་ཞུགས་ཏེ་སྨི་100དང་སྨི་200ཡི་ཚད་ལྡན་གྲུ་ཤན་འབྲུག་མགོ་མ་དང་སྨི་600ཡི་སྲོལ་རྒྱུན་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་དྲག་པོ་བྱས་པ་མ་ཟད། རྫོང་དང་། གྲོང་ཁྱེར། ཆུས་བཅས་བཅུ་གསུམ་གྱིས་དུས་གཅིག་ཏུ་ཁྱད་ལྡན་ཆུ་ཐོག་རིག་རྩལ་འཁྲབ་སྟོན་བྱས་པ་རེད། འདི་ནི་འགྲན་བསྡུར་ལ་ཞུགས་མཁན་རུ་ཁག་གིས་ཧན་ཅང་གཙང་པོའི་ཨན་ཁང་དུམ་བུར་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་བྱེད་བཞིན་པ།

    ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་སྔ་ནུབ་ཏུ་ས་གནས་ཁག་གིས་བྱེད་སྒོ་སྣ་མང་སྤེལ་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་བཏོད་དེ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། མི་རྣམས་ལ་ཁྱད་ལྡན་བྱེད་སྒོའི་ཁྲོད་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་དུ་བཅུག་ཡོད། འདི་ནི་ཟླ་6ཚེས་18ཉིན་ཁྲུང་ཆིང་ཆན་ཅང་ཆུས་པའེ་ཧྲི་གྲོང་རྡལ་དུ་གཉེར་བའི“བརྩེ་བ་ཟབ་པའི་ལྔ་པའི་ཚེས་ལྔའི་དུས་ཆེན”གྱི་ལོ་སྒྲིལ་འབྲས་ཆན་བཟོ་བའི་འགྲན་བསྡུར་ལ་བྱ་དགའ་ཐོབ་པའི་བདམས་ཐོན་པས་རང་ཉིད་ཀྱིས་བཟོས་པའི་ལོ་སྒྲིལ་འབྲས་ཆན་སྟོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།