དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“100བཞིའི”ཕུལ་བྱུང་དཔེ་མཚོན་མིང་ཐོ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-22

    ཉིན་ཤས་གོང་2025ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“100བཞིའི”ཕུལ་བྱུང་དཔེ་མཚོན་ཡོངས་བསྒྲགས་མཛད་སྒོ་དང་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་ཧྲའན་ཤིས་ཤིས་ཨན་དུ་གཉེར་བ་དང་། བྱེད་སྒོ་དེ་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུས་གཙོ་གཉེར་བྱས་པ་རེད།

    བྱེད་སྒོས“དང་བླངས་པའི་སྐར་འོད། མིག་དཔེའི་སྟོབས་ཤུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་2025ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“100བཞིའི”ཕུལ་བྱུང་དཔེ་མཚོན་གྱི་མིང་ཐོ་གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་ཤིང་། འདྲི་གླེང་དང་། ཞིབ་གླེང་། འགྲེམས་འཁྲབ། བརྙན་ལམ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཕུལ་བྱུང་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་རྣམ་གྲངས། དང་བླངས་ཞབས་ཞུའི་སྡེ་ཁུལ་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མངོན་ནས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དང་བླངས་ཞབས་ཞུ་སྒྲུབ་པའི་གསོན་ཉམས་དོད་པའི་ལག་ལེན་མངོན་པར་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ“མཉམ་དུ་དཔེ་ཀློག་ལ་རོལ་བའི”སྡེ་ཁུལ་གྱི་དཔེ་ཀློག་ཁྱབ་གདལ་གྱི་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་འཚོགས་པ་དང་། ས་གནས་ཁག་ནས་ཡོང་བའི་དང་བླངས་པའི་འཐུས་མིས་ཐུན་མོང་ཐོག་དང་བླངས་པའི་དམ་བཅའ་སྒྲོག་སྦྱངས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།