གྲོགས་པོ་ཕྱི་རྒྱལ་བའི་པར་ཆས་ནང་གི་འབྲི་ཆུའི་སྲུང་སྐྱོབ་ཆེན་པོ།
དྭངས་གཙང་ཆུ་མོ་ཤང་ཤང་རྒྱུགས། ལྗང་མདོག་ཐོན་ལས་དར་ཞིང་རྒྱས།

འདི་ནི་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་རུན་ཀྲོའུ་རྒྱུད་ཀྱི་འབྲི་ཆུའི་མཛེས་སྡུག་ལྡན་པའི་རྣམ་པ་ཡིན་པ། (ཅང་སུའུ་ཚན་རྩལ་སློབ་ཆེན་གྱི་རྒྱལ་ཁོངས་བྷང་ག་ལ་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་སུའུ་ཁེ་ནཱ·ཀུང་སར་ཝེ་སི་ཡིས་པར་བརྒྱབ)

འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་དུ་འབྲི་ཆུའི་རིམ་པ་དང་པོའི་ཆུ་ཕྲན་འབའ་ཐང་གཙང་པོ་གྲོང་ཁྱེར་བཅད་དེ་རྒྱང་དུ་རྒྱུག་བཞིན་པ། (མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་དགེ་རྒན་ཡཱ་ལི་ཧྲན་ཏཱ·སེ་མིའུ·ལེ་ཡིས་པར་བརྒྱབ)

འདི་ནི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་གྱི་འབྲི་ཆུའི་གཞོགས་འདེགས་སྐོར་སྲུང་རུ་ཁག་གི་གྲུ་གཟིངས་ཡིན་པ། (འབྲི་ཆུའི་འགག་གསུམ་སློབ་ཆེན་གྱི་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་དགེ་རྒན་ཐོ་མཱ་སི·ལཱ་མུའུ་ཆི་ཡིས་པར་བརྒྱབ)

འདི་ནི་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་དབྱང་ཀྲུང་དཔལ་འབྱོར་གསལ་སྤེལ་ཁུལ་གྱི་འབྲི་ཆུའི་ཤིང་ལུང་གྲུ་ཁ་ཡིན་པ། (རྒྱལ་ཁོངས་ཁ་ན་ཏ་ནས་ཡིན་པའི་ལག་རྩལ་རིགས་གཅིག་མཁས་ཅན་ལིའུ་པི་ཀུའེ་ཡིས་པར་བརྒྱབ)

འདི་ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ནན་ཅིང་ཡན་ཡུལ་སྐོར་ས་ཚིགས་སུ་ཡོད་པའི“འབྲི་ཆུའི་དྲན་ཤེས”ཀྱི་ལོ་བརྒྱའི་ཆུ་གནས་ཀ་བའི་འཇིམ་རྐོས་ཡིན་པ། (རྒྱལ་ཁོངས་འཇར་མན་ནས་ཡིན་པའི་རྩོམ་པ་པོ་དང་བརྙན་ཐུང་གསར་རྩོམ་པ་ཁེ་ལོ་སི·ཐེ་ལོ་དབྱང་གིས་པར་བརྒྱབ)

འདི་ནི་ཨན་ཧུའེ་ཞིང་ཆེན་མཱ་ཨན་ཧྲན་གྲོང་ཁྱེར་པིན་ཅང་རིག་གནས་སྤྱི་གླིང་ནང་ཆུ་ཕག་འཇིམ་རྐོས་འབྲི་ཆུ་དང་སྤེལ་ཟླར་གནས་པའི་རྣམ་པ་ཡིན་པ། (ཨན་ཧུའེ་བཟོ་ལས་སློབ་ཆེན་གྱི་རྒྱལ་ཁོངས་ཕ་ཁི་སི་ཐན་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་ཨོ་སཱ་མུའུ·ཧན་ཡིས་པར་བརྒྱབ)

འདི་ནི་བཅོས་སྐྱོང་ཡག་པོ་བྱས་པའི་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཅིའུ་ལུང་གླིང་ཕྲན་ཕྱེད་མའི་གཙང་འགྲམ་ལམ་དུ་གྲོང་མི་ཞིག་གིས་ཞོད་འཇགས་དུས་ལ་རོལ་བཞིན་པ། (རྒྱལ་ཁོངས་སི་ཕེན་ནས་ཡིན་པའི་ཟ་ཁང་གཉེར་སྐྱོང་བྱེད་མཁན་ཧུའུ་ཨན·མན་ནུའུ་ཨེར·ཁཱ་མཱ་ཆའོ་ཡིས་པར་བརྒྱབ)
“སྲུང་སྐྱོབ་ཆེན་པོ་མཉམ་དུ་འཛིན་པ་དང་གསར་སྤེལ་ཆེན་པོ་མི་བྱེད་པ”ལོ་10ཡི་རིང་། འབྲི་ཆུའི་སྲུང་སྐྱོབ་ཆེན་པོ་དེ་ཉིད་འདུ་ཤེས་ནས་བརྒྱུད་རིམ་དང་ལྡན་པའི་བཅོས་སྐྱོང་ལག་ལེན་དུ་བསྒྱུར་ཞིང་། འབྲི་ཆུའི་རྒྱུད་ཀྱི་ས་ཁུལ་གྱིས་ཆུའི་ཁོར་ཡུག་བཅོས་སྐྱོང་དང་། ཆུའི་སྐྱེ་ཁམས་སླར་གསོ། ཆུའི་ཐོན་ཁུངས་སྲུང་སྐྱོབ། ལྗང་མདོག་ཐོན་ལས་ཕྱོགས་སྒྱུར། ཆུ་ངོགས་ལམ་རྒྱུད་བཅོས་སྒྲིག་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། འབྲི་ཆུར་གསོན་ཤུགས་དང་སྐྱེ་སྟོབས་སྔར་བས་འཕེལ་ཞིང་། གྲོགས་པོ་ཕྱི་རྒྱལ་བ་ཚོས་འབྲི་ཆུའི་ཆུ་འགོ་དང་། འདམ་ར། གྲོང་ཁྱེར་མཚོ་རྒྱུད། ལྗང་མདོག་གྲུ་ཁ། ཚན་ཞིབ་སྲུང་སྐྱོབ། མང་ཚོགས་ཀྱི་འཚོ་བར་ཐེབས་པའི་འགྱུར་ལྡོག་བཅས་པར་ལེན་བྱས་ཏེ། དྭངས་གཙང་ཆུ་མོའི་རྣམ་པ་གསར་པ་དང་ལྗང་མདོག་ཐོན་ལས་དར་ཞིང་རྒྱས་པའི་གསོན་ཉམས་དོད་པའི་ལྗོངས་རིས་ལ་དཔང་པོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།