དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དངུལ་ཁང་དང་། འགན་བཅོལ། འཛིན་ལོར་བཅས་ཀྱིས་མཉམ་དུ་ཤུགས་བརྒྱབ་ནས།

    མཚོ་སྔོན་གྱི་ཚྭ་མཚོ་དང་། ནུས་རྒྱུ་གཙང་མ། ཡུལ་སྐོར། ཞིང་འབྲོག་ཐོན་རྫས་བཅས་གཙོ་གནད་ཐོན་ལས་བཞིར་རམ་འདེཌ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-22

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་གནས་ཚུལ་སྤེལ་བར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་དང་མཚོ་སྔོན་འཛིན་ལོར་ལྟ་སྐུལ་དོ་དམ་ཅུས་དང་མཉམ་དུ《དངུལ་རྩས་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོ་དང་། ནུས་རྒྱུ་གཙང་མ། ཡུལ་སྐོར། ཞིང་འབྲོག་ཐོན་རྫས་བཅས་གཙོ་གནད་ཐོན་ལས་བཞིར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཞིང་། དངུལ་ཁང་དང་། འགན་བཅོལ། འཛིན་ལོར་བཅས་ཀྱིས་མཉམ་དུ་ཤུགས་བརྒྱབ་ནས“དངུལ་རྩ་ཆེན་པོའི”རྒྱབ་སྐྱོར་མ་ལག་བཙུགས་ཏེ། དངུལ་རྩའི“བྱ་བ་ཆེན་པོ་ལྔ”དང་གཙོ་གནད་ཐོན་ལས་བཞི་འཛུགས་སྐྲུན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བ་རེད།

    ཚན་རྩལ་དངུལ་རྩས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། ཚྭ་མཚོའི་ཐོན་ལས་ཁྱུ་ཚོགས་ཆེན་པོ་ལྔར་དམིགས་ནས་སྦྲེལ་ཐག་ཧྲིལ་པོའི་དངུལ་རྩའི་ཞབས་ཞུའི་མ་ལག་འཛུགས་པ་དང་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་བསྐྱར་མ་བེད་སྤྱོད་ཡག་པོ་བྱས་ཏེ། ཤེས་བྱའི་བདག་དབང་རྒྱུ་འཛིན་གཏའ་འཇོག་གི་མ་དངུལ་བསྡུ་རུབ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དངུལ་བུན་སོགས་ཀྱི་ཐོན་རྫས་གསར་གཏོད་བྱེད་པར་ལྕག་སྐུལ་བྱས་པ་རེད།

    ལྗང་མདོག་དངུལ་རྩས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ལ་མཐུན་རྐྱེན་སྦྱར་ཞིང་། རླུང་གློག་འོད་ཤུགས་རྟེན་གཞི་དང་། ཆུ་ཤུགས་གློག་ཁང་། ནུས་གསོག་སོགས་ཀྱི་རྣམ་གྲངས་ཆེ་རིགས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་། ཐཱན་ཐོ་ཁོངས་ཀྱི་དངུལ་བུན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྦྲེལ་མཐུད་དངུལ་བུན་སོགས་ཐོན་རྫས་གསར་གཏོད་ཀྱིས་ཁྱབ་གདལ་བཏང་སྟེ། ཐཱན་མེད་ཐོན་ལས་གླིང་དང་། ལྗང་མདོག་རྩིས་ནུས། རིག་ནུས་གློག་དྲ་སོགས་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱས་ནས“སྔ་ཙམ་ཐཱན་ཉུང་གཏོང་དང་སྔ་ཙམ་ཁེ་ཕན་ཐོབ་པའི”དངུལ་རྩའི་ཁོར་ཡུག་ཅིག་བཏོད་པ་རེད།

    འཛད་སྤྱོད་དངུལ་རྩས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་སྐྱོད་ཡུལ་གཏོད་པར་རམ་འདེགས་བྱས་ཤིང་། གྲངས་འཛིན་དངུལ་རྩས་བློ་རིག་རིག་གནས་ཡུལ་སྐོར་ལ་མཐུན་རྐྱེན་སྦྱོར་བ་དང་། བློ་རིག་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། རིག་གནས་དང་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་དངུལ་ཁང་གཱ་འགྲེམས་སྤེལ་བྱེད་པ། ཕྱི་ཕྱོགས་གཱ་བདག་སྤྲོད་ཁོར་ཡུག་དང་ཕྱི་དངུལ་བརྗེ་བར་ཞབས་འདེགས་ཞུ་སྟངས་ལེགས་སུ་གཏོང་བ། མངའ་ཁོངས་ཕྱི་ནས་མཚོ་སྔོན་དུ་ཡོང་མཁན་གྱིས་འཛད་སྤྱོད་གཏོང་སྤྲོད་བྱེད་པར་སྟབས་བདེ་སྐྲུན་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་གྲུབ་ཆ་གཙོ་བོའི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པའི་འགན་ལེན་བྱས་པ་རེད།

    ཀུན་ཕན་དངུལ་རྩས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་བྱས་ཤིང་། ཞིང་ལས་སྒྲིག་བཀོད་གཏའ་འཇོག་དང་ཕྱུགས་རིགས་གཏའ་འཇོག་སོགས་ཀྱི་ཐོན་རྫས་གསར་གཏོད་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ཁྱབ་རྒྱ་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།