2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི“ལྔ་པའི་ཚེས་ལྔ། ང་ཚོའི་དུས་ཆེན”ས་མཐོའི་གྲུ་ཤན་འབྲུག་མགོ་མའི(ཀོ་གྲུ)འགྲན་བསྡུར་དང“ལུས་རྩལ་འགྲན་བསྡུར་དུས་ཚིཌ”ཀྱི་བྱེད་སྒོའི་འགོ་ཚུཌ་མཛད་སྒོ་འཚོཌ་པ།
ཚེས་19ཉིན་གྱི་སྔ་དྲོར། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི“ལྔ་པའི་ཚེས་ལྔ། ང་ཚོའི་དུས་ཆེན”ས་མཐོའི་གྲུ་ཤན་འབྲུག་མགོ་མའི(ཀོ་གྲུ)འགྲན་བསྡུར་དང“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་ས་གྲོང་ཁྱེར་གྱི་གཙང་འགྲམ་སྤྱི་གླིང་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་འགོ་ཚུགས་མཛད་སྒོར་ཕེབས་ནས། ས་གནས་ས་ཐོག་ཏུ་ཤེས་དཔལ་ལག་ལེན་དང་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ཚོང་འདུས་ལ་གཟིགས་པ་དང་འབྲེལ། འགྲན་བསྡུར་བྱེད་སྒོར་ཡང་གཟིགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་ལྗོངས་ཡོངས་ཀྱི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་གཙོ་གནད་ཁྱད་ལྡན་འགྲན་བསྡུར་ཞིག་ཡིན་པའི་ངོས་ནས་རྒྱལ་ཡོངས་ཀྱི་འགྲན་ཞུགས་བདམས་ཐོན་པ་150མཉམ་དུ་འཛོམས་ཡོད་པ་དང་། གྲུ་ཤན་འབྲུག་མགོ་མའི་རུ་ཁག་10དང་ཀོ་གྲུའི་རུ་ཁག་20ཡིས་ལྷ་ས་སྐྱིད་ཆུའི་ངོགས་སུ་འགྲན་བསྡུར་བྱས་པ་རེད། དེ་དང་ཆབས་ཅིག་སྤྲོ་སྣང་ལྡན་པའི་མང་ཚོགས་ཀྱི་སྤྲོ་གསེང་བྱེད་སྒོ་བཀོད་སྒྲིག་བྱས་ཏེ་ཁྱད་ལྡན་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་བྱེད་སྒོ ཤེས་དཔལ་ལག་ལེན་གྱི་ཚོང་འདུས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཉམས་ལེན་བཅས་བཀོད་སྒྲིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་སྲོལ་རྒྱུན་དུས་ཆེན་གྱི་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།